༄༅།།རྒྱལ་ཁབ་130ལྷག་ཞུགས་རྒྱུ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་27ཉིན། 15:00】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་9ཚེས་26ཉིན། ཕྱི་འབྲེལ་པུའི་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུའི་ཐོག གསར་འགོད་པས་གཏམ་བཤད་པར་“རྒྱུད་གཅིག་ལམ་གཅིག་”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་གྲ་སྒྲིག་བྱས་རིམ་ངོ་སྤྲོད་ཇེ་གསལ་ཐུབ་བམ། ད་ལྟ་རྒྱལ་ཁབ་ག་ཚོད་ཚོགས་འདུར་ཞུགས་རྒྱུའི་གཏན་འཁེལ་བྱུང་ཡོད་དམ་ཞེས་དྲིས།
ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས། “རྒྱུད་གཅིག་ལམ་གཅིག་”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་གྲ་སྒྲིག་ལས་དོན་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བཞིན་ཡོད། ད་ལྟའི་བར་དུ་རྒྱལ་ཁབ་130ལྷག་ཙམ་གྱི་འཐུས་མི་ཚོགས་འདུར་ཞུགས་རྒྱུའི་གཏན་འཁེལ་བྱུང་བ་མ་ཟད། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་མང་པོ་ཞིག་གིས་ཀྱང་ཚོགས་འདུར་ཞུགས་རྒྱུའི་གཏན་འཁེལ་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་མཐོ་རིམ་གླེང་སྟེགས་ཀྱི་གྲ་སྒྲིག་ལས་དོན་ཐད་“རྒྱུད་གཅིག་ལམ་གཅིག་”གི་མཉམ་ལས་རོགས་ཟླ་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱ་རྒྱུ་ཡིན།