འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བཤམས་སྟོན་ཁང་འདིས་རྐུ་ཤོར་བའི་ཐད་བསྒྲགས་དོན། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་27ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་26ཉིན། དབྱིན་ཇིའི་དབྱིན་ཇི་རྟེན་རྫས་བཤམས་མཛོད་ཁང་གིས་དེ་གོང་རྐུ་ལ་ཤོར་བའི་རིག་དངོས་ཁག་གཅིག་ཁྱབ་བསྒྲགས་བྱས་པ་དེ་རྟེན་རྫས་བཤམས་མཛོད་ཁང་གིས་རིག་དངོས་མང་ཆེ་བ་རིན་པོ་ཆེའི་རིགས་ཡིན་པ་དང་། མང་ཆེ་བ་གནའ་བོའི་ཀེ་རི་སི་དང་གནའ་བོའི་རོ་མ་ནས་ཡིན་པ་བཤད་ཡོད། དབྱིན་ཇི་རྟེན་རྫས་བཤམས་མཛོད་ཁང་གིས་མིག་སྔར་མཁོ་འདོན་བྱས་པའི་པར་རིས་ཚང་མ་དེ་དང་འདྲ་བའི་ཉར་ཚགས་དངོས་པོའི་པར་ཡིན་པ་ལས་རྐུ་ལ་ཤོར་བའི་རིག་དངོས་དེའི་པར་ངོ་མ་མིན་པ་དང་། པར་རིས་ཐོག་གི་རིག་དངོས་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཡོད།
   ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་16ཉིན། དབྱིན་ཇིའི་རྟེན་རྫས་བཤམས་མཛོད་ཁང་གིས་རིག་དངོས་རྐུ་ལ་ཤོར་བའི་དོན་རྐྱེན་ཐོན་ཡོད་ཅེས་སྤྱི་བསྒྲགས་སྤེལ་ཞིང་། བཤམས་མཛོད་ཁང་གི་འགོ་བ་ཧ་ཐེ་ཝེ་ཞི·ཧྥེ་ཧྲེའར་གྱིས་དེའི་དབང་གིས་ལས་ཁུར་དགོངས་ཞུ་བྱས་པ་རེད། དབྱིན་ཇིའི་རྟེན་རྫས་བཤམས་མཛོད་ཁང་གི་ཏུང་ཧྲི་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཆའོ་ཀྲེ· ཨའོ་སི་པེན་གྱིས་གར་སོང་ཆ་མེད་དུ་གྱུར་པའི་རིག་དངོས་ཀྱི་གྲངས་འབོར་2000ཙམ་ཟིན་གྱི་ཡོད་པ་དང་། མིག་སྔར་འདེད་ལེན་གྱི་ལས་དོན་སྤེལ་བཞིན་ཡོད་ཅེས་བཤད་པ་རེད།