འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཁབ་འདི་ལ་བསྙད་རྐོ་འཁྲུག་སློང་མི་བྱེད་པའ་ཁ་ཏ་བྱས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་27ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཟླ་9ཚེས་26ཉིན། ཕྱི་འབྲེལ་པུའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པས་ཧྥི་ལི་ཕིན་གྱི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས། ཀྲུང་གོས་མཚོ་ཐོག་ཉེན་རྟོག་གིས་ཧོང་ཡན་གླིང་ཕྲན་གྱི་ཤར་ལྷོའི་ཕྱོགས་སུ་བཀོད་སྒྲིག་བྱས་པའི་བཀག་འགོག་གི་ཆུ་ངོས་ལམ་རྟགས་བཤིག་ཟིན་པ་དང་། ལམ་རྟགས་དེས་ཧྥི་ལི་ཕིན་གྱི་ཉ་གྲུ་ཉ་འཛིན་དུ་བསྐྱོད་རྒྱུ་བཀག་འགོག་བྱས་ཡོད། མགྲིན་ཚབ་པས་དེའི་ཐད་ལན་གང་ཞིག་བསྐྱོན་རྩིས་ཡོད་དམ་ཞེས་དྲིས། 
ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཧོང་ཡན་གླིང་ཕྲན་གྱི་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ང་ཚོས་ཧྥི་ལི་ཕིན་ཕྱོགས་ལ་བསྙད་རྐོ་འཁྲུག་སློང་མི་བྱེད་པའི་ཁ་ཏ་བྱས་ཡོད།