འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རི་དང་ཡུག་རེན་གྱིས་མིང་རྟགས་གསར་ཤོས་བཀོད་པ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་27ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཚེས་25ཉིན་ཡུག་རེན་རྒྱལ་ཁབ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཡུག་རེན་དང་ཨ་རིའི་བར་ཡུག་རེན་གྱི་ནུས་རྒྱུའི་མ་ལག་བསྐྱར་གསོ་སྒུལ་ཤུགས་མཉམ་ལས་བྱ་རྒྱུའི་སྐོར་གྱི་བརྗེད་ཐོར་མིང་རྟགས་བཀོད་པ་རེད། བརྗེད་ཐོར་ཡུག་རེན་གྱི་ནུས་རྒྱུའི་མ་ལག་ལ་ཤུགས་སྣོན་རྒྱག་ཆེད། ཨ་རིས་བསྡོམས་འབོར་ཨ་སྒོར་དུང་ཕྱུར་5.22ཀྱི་རོགས་སྐྱོར་བྱ་རྒྱུའི་གཏན་འབེབས་བྱས་པ་དེའི་ནང་ཨ་སྒོར་དུང་ཕྱུར་1གིས་དགོས་ངེས་ཀྱི་བླང་བྱ་ཁ་ཤས་སྐོང་དགོས་ཀྱི་ཡོད་པ་རེད།
   ད་རེས་ཀྱི་བརྗེད་ཐོར་མིང་རྟགས་འགོད་པ་ནི་ཡུག་རེན་གྱི་ནུས་རྒྱུའི་ཁོངས་གཏོགས་ཀྱི་རྒྱུན་མཐུད་རང་བཞིན་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ལྷག་པར་དུ་འགག་རྩའི་རྨང་གཞིའི་སྒྲིག་བཀོད་སླར་གསོ་བྱེད་པ་དང་། ཁྱབ་ཚུལ་རྣམ་པའི་གློག་གཏོང་ནང་འདྲེན་བྱེད་པ། ནུས་རྒྱུའི་སྡེ་ཁག་སྒྱུར་བཅོས་བྱེད་པ། ཡུག་རེན་གྱི་ནུས་རྒྱུ་དེ་ཐཱན་ཉུང་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་པ་དང་། དེའི་ནུས་རྒྱུ་དང་ཡོ་རོབ་མནའ་འབྲེལ་གཞི་གཅིག་ཅན་དུ་འགྱུར་བ་དང་འབྲེལ་ཁྲོམ་རའི་འགྲན་རྩོད་ནུས་པ་ལྡན་ཡོད་པ་རེད།