༄༅།།རང་རྒྱལ་གྱི་འཛད་རྫས་རིགས་བརྒྱ་ལྷག་ཙམ་གྱི་ཐོན་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་26ཉིན། 10:03】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གོ་ཡང་བའི་བཟོ་ལས་ཆ་འཕྲིན་ལྟེ་གནས་སོགས་ཀྱིས་གཙོ་གཉེར་བྱས་པའི་སྐབས་དང་པོའི་འཛད་རྫས་ལས་རིགས་ཀྱི་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་བཟོ་ལས་དྲ་སྦྲེལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། གསར་འགོད་པས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། རང་རྒྱལ་དུ་ད་ཡོད་གཞི་ཁྱོན་ཡན་གྱི་འཛད་རྫས་ཁེ་ལས་ཁྲི་18ཡོད་པ་དེས་གཞི་ཁྱོན་ཡན་གྱི་བཟོ་ལས་ཡོངས་ཀྱི་38%བཟུང་བ་དང་འཛད་རྫས་རིགས་བརྒྱ་ལྷག་ཙམ་གྱི་ཐོན་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། འདི་ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར་གཞི་ཁྱོན་ཡན་གྱི་འཛད་རྫས་བཟོ་ལས་ཀྱི་འཕར་ཐང་གིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་ཡོངས་ཀྱི་26.3%བཟུང་བ་དང་། འཕར་ཚད་དུས་མཚུངས་ལས་0.5%འཕར་ནས་འཕར་བའི་རྣམ་པ་བཟང་པོ་ཐོན་ཡོད།