འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་19པའི་འགོ་ཚུགས་མཛད་སྒོར་ཞུགས་ནས་ཕྱི་དོན་བྱེད་
སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་23ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་9ཚེས་22ཉིན་དང་ཚེས་23ཉིན་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་19པའི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་དང་འབྲེལ། ཀྲུང་གོར་ཕེབས་ནས་འགོ་ཚུགས་མཛད་སྒོར་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པར་དགའ་བསུ་ཞུ་བའི་གསོལ་སྟོན་དང་ཕྱོགས་གཉིས་པོའི་བྱེད་སྒོ་སྤེལ་རྒྱུ་རེད་ཅེས་ཁྱབ་བསྒྲགས་གནང་བ་རེད།
   འགོ་ཚུགས་མཛད་སྒོར་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་ཀྱི་གྲས་སུ། ཁམ་ཕུ་ཁྲེའི་རྒྱལ་པོ་ཞི་ཧཱ་མོ་ཉི་དང་། སི་རི་ཡའི་ཙུང་ཐུང་པཱ་ཧྲར། ཁོ་ཝེ་ཐེའི་རྒྱལ་རྒྱུད་སྨི་ཧྲ་ལེ། ནེ་པ་ལའི་ཙུང་ལི་ཕུའུ་ལཱ་ཁྲང་ཏ། ཐི་མོར་ཤར་མའི་ཙུང་ལི་ཞ་ནཱ་ནཱ། ཧན་གོའི་ཙུང་ལི་ཧན་ཏེ་ཀྲུའུ། མ་ལེ་ཞི་ཡའི་རྒྱལ་ཚོགས་གྲོས་ཁང་འོག་མའི་གྲོས་དཔོན་ཙུའོ་ཧཱ་ལི་བཅས་ཡོད་པ་རེད།
    གཞན་ཡང་། པུ་རུ་ནེ་སུའུ་ཏན་གྱི་འཐུས་མི་ཆིན་ཝང་སུའུ་ཧྥུ་ལི་དང་། ཁ་ཐར་ཨའེ་སྨིར་གྱི་འཐུས་མི་ཆིན་ཝང་ཅའོ་ཨན། ཅོར་ཏན་གྱི་ཆིན་ཝང་ཧྥེ་སར། ཐེ་ལན་གྱི་ཀོང་ཇོ་ཞི་ལི་ཝན་ཝ་ལི། ཁེར་གྷི་སི་ཐན་གྱི་ཙུང་ལི་གཞོན་པ་པའེ་སཱ་ལུའོ་ཧྥུའུ་སོགས་ཀྱང་འབྲེལ་ཡོད་བྱེད་སྒོར་ཞུགས་རྒྱུ་ཡིན་པ་རེད།