འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཁབ་ཀྱིས་དམག་ཞབས་ཐིམ་པའི་དམག་མི་ཁག་གཅིག་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་གི་འཆི་གོད་གྱོང་གསབ་ཀྱི་ཚད་
གཞི་སླར་ཡང་མཐོ་རུ་བཏང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་23ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ་དང་ནོར་སྲིད་པུས་བརྡ་ཐོ་བཏང་ནས་ཁ་གསལ་བཏོན་དོན། 2023ལོའི་ཟླ་8ཚེས་1ཉིན་ནས་བཟུང་དམག་ཞབས་ཐིམ་པའི་དམག་མི་ཁག་གཅིག་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་སོགས་ཀྱི་འཆི་གོད་གྱོང་གསབ་དང་འཚོ་བའི་ཁ་གསབ་ཚད་གཞི་སླར་ཡང་མཐོ་རུ་གཏོང་རྒྱུ་ཡིན་པ་དང་། ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྒྲིག་འཛུགས་དང་ལག་བསྟར་ལ་དམ་འཛིན་བྱས་ཏེ་དུས་ཐོག་དང་། འཕྱུགས་མེད། འདང་ངེས་བཅས་ཀྱི་སྒོ་ནས་འཆི་གོད་གྱོང་གསབ་རོགས་དངུལ་དང་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚད་གཞི་མཐོ་རུ་གཏོང་བར་རྒྱལ་ཁབ་ཀྱི་ནོར་ཤུགས་དང་གཟིགས་སྐྱོང་བྱ་ཡུལ་གྱི་བྱས་རྗེས་སོགས་ཀྱི་རྒྱུ་རྐྱེན་ལ་གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ། གཙོ་གནད་ལྟ་སྐྱོང་དང་གཟིགས་སྐྱོང་བྱ་ཡུལ་ལ་འོས་འཚམ་ཕྱོགས་ནས་རྒྱལ་ཁབ་ཀྱི་གཟིགས་སྐྱོང་བྱ་ཡུལ་གྱི་འཆི་གོད་གྱོང་གསབ་རོགས་དངུལ་གྱི་ཚད་གཞི་ལོ་19བསྟུད་མར་མཐོ་རུ་བཏང་བས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱ་ཆེའི་གཟིགས་སྐྱོང་བྱ་ཡུལ་ལ་ཐུགས་ཁུར་དང་ལྟ་སྐྱོང་གནང་ལུགས་གང་ལེགས་མཚོན་ཡོད་པ་རེད།