འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོ་སློབ་གསོ་རྒྱལ་སྤྱིའི་སྤེལ་རེས་མཐུན་ཚོགས་རྒྱལ་སྤྱིའི་བརྒྱུད་སྤེལ་ཡན་ལག་མཐུན་ཚོགས་པེ་ཅིང་དུ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་23ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་སློབ་གསོ་རྒྱལ་སྤྱིའི་སྤེལ་རེས་མཐུན་ཚོགས་རྒྱལ་སྤྱིའི་བརྒྱུད་སྤེལ་ཡན་ལག་མཐུན་ཚོགས་འཛུགས་པའི་ཚོགས་ཆེན་དང་རྒྱལ་སྤྱིའི་བརྒྱུད་བསྒྲགས་གླེང་སྟེགས་སྐབས་དང་པོ་པེ་ཅིང་དུ་འཚོགས་པ་རེད། རྒྱལ་སྤྱིའི་བརྒྱུད་སྤེལ་ཡན་ལག་མཐུན་ཚོགས་དེ་པེ་ཅིང་ཕྱི་སྐད་སློབ་ཆེན་གྱིས་རྒྱལ་ནང་གི་རྒྱལ་སྤྱིའི་བརྒྱུད་སྤེལ་སློབ་གསོའི་ཞིབ་འཇུག་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་མཁན་གསར་འགྱུར་དང་ཕྱི་སྐད་རིགས་ཀྱི་གཙོ་གནད་མཐོ་སློབ་དང་ཞིབ་འཇུག་སྒྲིག་གཞི་དང་མཉམ་དུ་བཙུགས་པ་ཞིག་ཡིན་ཞིང་། དེས་རྒྱལ་སྤྱིའི་བརྒྱུད་སྤེལ་རིགས་གཞུང་དང་ལག་ལེན་གསར་གཏོད་བྱ་རྒྱུར་གཞོལ་ནས་རྒྱལ་སྤྱིའི་བརྒྱུད་སྤེལ་སྲིད་གཞུང་དང་། ཁེ་ལས། རིག་གཞུང་ལས་རིགས། ཞིབ་འཇུག་སྒྲིག་གཞི་བཅས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་འཇམ་ཤུགས་འཛུགས་སྐྱོང་ལ་རམ་འདེགས་བྱ་རྒྱུ་རེད།
   ངོ་སྤྲོད་བྱས་པར་གཞིགས་ན། ཚོགས་འདུའི་ཐོག་རྒྱལ་སྤྱིའི་བརྒྱུད་སྤེལ་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་དང་པོ་བདམས་ཐོན་བྱུང་ཞིང་། ལས་འཛིན་ཚན་པ་ཁག་དང་པོར་ཚན་པ་30ལྷག་ཙམ་ཡོད་པ་དང་ཡན་ལག་མཐུན་ཚོགས་ཀྱི་དྲུང་ཡིག་ཁྲུའུ་པེ་ཅིང་ཕྱི་སྐད་སློབ་ཆེན་རྒྱལ་སྤྱིའི་གསར་འགྱུར་དང་བརྒྱུད་སྤེལ་སློབ་གླིང་དུ་བཙུགས་ཡོད། ཚོགས་ཆེན་མཇུག་འགྲིལ་རྗེས་གཉེར་བའི་རྒྱལ་སྤྱིའི་བརྒྱུད་སྤེལ་གླེང་སྟེགས་སྐབས་དང་པོས“རྒྱལ་སྤྱིའི་བརྒྱུད་སྤེལ་དང་རིག་གནས་ཀྱི་འགལ་རྐྱེན་མེད་པའི་བསམ་ཤེས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཚོགས་ཞུགས་འཐུས་མི་དང་མཉམ་དུ་རྒྱལ་སྤྱིའི་བརྒྱུད་སྤེལ་གྱི་མདུན་ཕྱོགས་ལག་ལེན་དངོས་དང་། ཤེས་ལྡན་པ་གསོ་སྐྱོང་། ཡན་ལག་མཐུན་ཚོགས་འཛུགས་པ་སོགས་ཀྱི་གྲོས་གཞིར་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་པ་རེད།