༄༅།།རྒྱལ་ཁབ་འདི་གཉིས་ཀྱི་འབྲེལ་བ་སླར་གསོ་བྱ་རྒྱུ་རེད།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་22ཉིན། 15:01】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
དབྱི་རན་གྱི་ཧྥ་ཨེར་སིའི་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་21ཉིན་དབྱི་རག་གི་ཕྱི་འབྲེལ་པུའུ་ཀྲང་དང་ཅི་པུའུ་ཏེ་ཕྱི་འབྲེལ་པུའུ་ཀྲང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་འཚོག་རིང་མཇལ་འཛོམས་གནང་བ་མ་ཟད། རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་གི་ཁེ་ཕན་ལ་གཞིགས་ནས་ཕྱི་འབྲེལ་གྱི་འབྲེལ་བ་སླར་གསོ་བྱ་རྒྱུའི་ཐག་བཅད་པ་ཡིན་ཞེས་བཤད་པ་རེད། གནས་འཕྲིན་སྤེལ་བར་གཞིགས་ན། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་ཕན་ཚུན་གྱི་བདག་དབང་ལ་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས་བཅས་ཀྱི་རྨང་གཞིའི་ཐོག་མཛའ་མཐུན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མོས་མཐུན་བྱས་ཡོད། གཞན་ཡང་རྒྱལ་ཁབ་གཉིས་ཀྱིས་ད་དུང་མ་དངུལ་འཇོག་པ་དང་། ཉོ་ཚོང་། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐག་བཅད་པ་རེད།
2016ལོར། ཅི་པུའུ་ཏེ་ཡིས་དབྱི་རན་ཏུ་བཅའ་སྡོད་སོ་ཏི་ཨ་རབ་གཞུང་ཚབ་ཁང་ལ་རྔམ་སྟོན་པས་རྡུང་རྡེག་བཏང་བའི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་མ་ཟད། དབྱི་རན་དང་ཕྱི་འབྲེལ་གྱི་འབྲེལ་བ་བཅད་པ་ཁྱབ་བསྒྲགས་བྱས་པ་རེད།