འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཐོང་དཀོན་པའི་ནད་རིཊ་86བསྒྲགས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་22ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་སྡེ་ཁག་དྲུག་གིས་ཉེ་ཆར་མཉམ་འབྲེལ་ཐོག《མཐོང་དཀོན་པའི་ནད་རིགས་ཁག་གཉིས་པའི་དཀར་ཆག》ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་ཚོས་རྒྱུ་ནག་པོའི་སྐྲན་དང་། རུས་སྙི་འཚར་ལོངས་ཆ་མི་ཚང་བ། ཁྲག་སླའི་ནད། ཡན་ལག་སྣེ་མོ་ཆེ་བའི་ནད་སོགས་མཐོང་དཀོན་པའི་ནད་རིགས་86ཚུད་ཡོད། 
     《མཐོང་དཀོན་པའི་ནད་རིགས་ཁག་གཉིས་པའི་དཀར་ཆག》ནང་གི་ནད་རིགས་ཁྱོན་བསྡོམས་རིག་ཚན་17དང་འབྲེལ་བ་ཡོད་པ་དང་། གཙོ་བོ་ཁྲག་ཚན་ཁག་དང་། སྐྱི་པགས་ཚན་ཁག རླུང་རླན་རིམས་འགོག་ཚན་ཁག བྱིས་པའི་ཚན་ཁག དབང་རྩའི་ཁོག་ནད་ཚན་ཁག ནང་གི་ཟགས་ཐོན་ཚན་ཁག་སོགས་ཚུད་ཡོད། 2018ལོའི་ཟླ་6པར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཁག་གིས《མཐོང་དཀོན་པའི་ནད་རིགས་ཁག་དང་པོའི་དཀར་ཆག》ཁྱབ་བསྒྲགས་བྱས་པར་ཁྱོན་ནད་གཞི་121ཚུད་ཡོད་པ་རེད། མིག་སྔའི་བར། རང་རྒྱལ་གྱིས་ཁྱབ་བསྒྲགས་བྱས་པའི་མཐོང་དཀོན་པའི་ནད་རིགས་དཀར་ཆག་གི་ནད་རིགས་གྲངས་འབོར་ཁྱོན་བསྡོམས་207ཡོད་པ་རེད།
     རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས། མཐོང་དཀོན་པའི་ནད་རིགས་ཁག་གཉིས་པའི་དཀར་ཆག་བཏོན་པ་དེས་རང་རྒྱལ་གྱི་མཐོང་དཀོན་པའི་ནད་ཀྱི་དོ་དམ་ལ་སྔར་ལས་ཤུགས་སྣོན་རྒྱག་པ་དང་། མཐོང་དཀོན་པའི་ནད་རིགས་ཀྱི་ནད་བརྟག་སྨན་བཅོས་ཆུ་ཚད་མཐོ་རུ་བཏང་ནས། མཐོང་དཀོན་པའི་ནད་པའི་བདེ་ཐང་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་ཕན་ཐོགས་ཡོད་ཅེས་བཤད་པ་རེད།