༄༅།།ས་ཡོམ་རིམ་པ་5.7བརྒྱབ་འདུག
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་22ཉིན། 13:42】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཡོ་རོབ་ས་དབུས་རྒྱ་མཚོའི་ས་ཡོམ་ལྟེ་གནས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་22ཉིན་གྱི་ཆུ་ཚོད་6དང་སྐར་མ་22ཐོག ལྗར་པན་གྱི་དབྱི་ཏུའུ་གླིང་ཚོམ་ཉེ་འགྲམ་གྱི་མཚོ་ཁོངས་སུ་ས་ཡོམ་རིམ་པ་5.7བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་12.7ཟིན་ཡོད།