༄༅།།འགོ་ཁྲིད་འདིས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱ་རྒྱུ་རེད།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་22ཉིན། 13:42】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་ཚེས་21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གི་གདན་ཞུས་ལྟར། ནེ་པ་ལའི་ཙུང་ལི་ཕུའུ་ལ་ཁྲང་ཏ་ཡིས་ཟླ་9ཚེས་23ཉིན་ནས་ཚེས་30ཉིན་བར་ཀྲུང་གོར་དངོས་སུ་འཚམས་འདྲི་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། འཚམས་འདྲི་གནང་རིང་ཙུང་ལི་ཕུའུ་ལ་ཁྲང་ཏ་གདན་ཞུས་ལྟར་ཧང་ཀྲོའུ་རུ་སྐབས་19པའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་རེད།