འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཁོང་གིས་ཨ་རིའི་དམག་དོན་གྱི་ཀྲུའུ་ཞིའི་འགན་འཁུར་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་22ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཨ་རིའི་རྒྱལ་ཚོགས་གྲོས་ཁང་གོང་མས་ཚེས་20ཉིན་ཁྲར་སི·པུའུ་ལང་ཨ་རིའི་དམག་དཔུང་གི་དྲག་ཇུས་དམག་དཔོན་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས་པར་བརྡས་ཐག་བཅད་ནས་ཆོག་མཆན་བཀོད། བརྡས་ཐག་བཅད་འབྲས་ལ་འདེམས་ཤོག་83གྱིས་མོས་མཐུན་བྱས་པ་དང་འདེམས་ཤོག་11གིས་མོས་མཐུན་མ་བྱས། པུའུ་ལང་གིས་ལས་འཁྱུར་ངལ་གསོ་བྱེད་ལ་ཉེ་བའི་མ་ཁི·མེ་ལེ་ཡི་ཚབ་བྱེད་རྒྱུ་རེད།
     ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ད་ལོའི་ཟླ་5པར་པུའུ་ལང་ཨ་རིའི་དམག་དཔུང་གི་དྲག་ཇུས་དམག་དཔོན་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས་རྒྱུའི་འོས་མིང་བཏོན་པ་རེད། པུའུ་ལང་1962ལོར་སྐྱེས་ཤིང་། 1984ལོར་ཨ་རིའི་མཁའ་དམག་ནང་ཞུགས་པ་དང་། 2020ལོའི་ཟླ་8པར་ཨ་རིའི་མཁའ་དམག་གི་དམག་སྤྱིའི་འགན་འཁུར་འགོ་ཚུགས་པ་རེད།