༄༅།།ཁྲིམས་གཞི་འདིར་དངོས་སུ་ནུས་པ་ཐོན་འདུག
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་22ཉིན། 13:41】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཚེས་21ཉིན། ཡོ་རོབ་གླིང་གི་《ཉིང་ལྷེབ་ཁྲིམས་གཞིར་》དངོས་སུ་ནུས་པ་ཐོན་པ་རེད། ཉིན་དེར་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ནང་། ཇུས་གཞི་དེ་“ཡོ་རོབ་གླིང་གི་ཉིང་ལྷེབ་འཆར་གཞི་”ལ་བརྟེན་ནས་འགག་རྩའི་ལག་རྩལ་ཐོན་ལས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། སྤྱི་གཉེར་དང་སྒེར་གཉེར་ཁེ་ལས་ཀྱིས་ཉིང་ལྷེབ་བཟོ་མཁན་ཚོང་པ་དང་། དེའི་མཁོ་འདོན་ཚོང་པའི་བཟོ་སྐྲུན་སྒྲིག་བཀོད་ལ་མ་དངུལ་འཇོག་རྒྱུར་སྐུལ་མ་གཏོང་གི་ཡོད་ཅེས་བཤད་པ་རེད།
ཁྲིམས་གཞིའི་གཞི་སྒྲོམ་འོག ཡོ་རོབ་མནའ་འབྲེལ་གྱིས་ཁོངས་ཞུགས་རྒྱལ་ཁབ་དང་ཨུ་ཡོན་ལྷན་ཁང་བར་མཐུན་སྦྱོར་ལམ་སྲོལ་བཙུགས་ཏེ། ཁོངས་ཞུགས་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཉིང་ལྷེབ་མཁོ་སྤྲོད་ལ་ལྟ་ཞིབ་ཚད་ལེན་དང་དགོས་མཁོར་སྔོན་དཔག་བྱེད་པ་མ་ཟད། དགོས་ངེས་འཕྲལ་བསྟུན་ལམ་སྲོལ་ལག་བསྟར་བྱེད་འགོ་འཛུགས་རྒྱུའི་འཆར་གཞི་ཡོད་པ་རེད།
སྤྱི་བསྒྲགས་ནང་། ཡོ་རོབ་གླིང་གིས་གོ་ལ་ཧྲིལ་པོའི་གློག་འདྲེན་ཕྱེད་གཟུགས་ཐོན་སྐྱེད་ཁྲོམ་རའི་ནང་བཟུང་བའི་ཐོབ་སྐལ་10%ཡང་ཟིན་མེད་པ་མ་ཟད། རྒྱལ་ཁབ་གསུམ་པའི་མཁོ་འདོན་ཚོང་པར་བརྟེན་དྲགས་པ་རེད། གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་ཆད་ཚབས་ཆེ་ན། ཡོ་རོབ་གླིང་གི་བཟོ་ལས་སྡེ་ཁག་དུས་ཡུན་ཐུང་ངུའི་ནང་དུ་ཟད་གྲོན་འགྲོ་སྲིད་པ་དང་། ཡོ་རོབ་གླིང་གི་བཟོ་ལས་འཕེལ་མེད་སོར་གནས་སུ་ལུས་སྲིད་ཅེས་བཤད་པ་རེད།
ཉིང་ལྷེབ་ཀྱི་ཁྲིམས་གཞི་གཞིར་བཟུང་། 2030ལོའི་བར་ཡོ་རོབ་མནའ་འབྲེལ་གྱིས་ཡོ་རོབ་མནའ་འབྲེལ་ལས་ཁུངས་དང་ཁོངས་ཞུགས་རྒྱལ་ཁབ་ཁག་ནས་ཡོང་བའི་ཡོ་སྒོར་དུང་ཕྱུར་111.5ཡི་སྤྱི་པའི་དངུལ་འཇོག་གཅིག་སྡུད་བྱ་རྒྱུ་མ་ཟད། སྒེར་གྱི་དངུལ་འཇོག་འབོར་ཆེན་བེད་སྤྱོད་བྱ་རྒྱུ་ཡིན་པ་རེད། ད་ལོའི་ཟླ་7པར། ཡོ་རོབ་གླིང་གྲོས་ཚོགས་ཀྱིས་ཉིང་ལྷེབ་ཁྲིམས་གཞིར་གྲོས་འཆམ་བྱུང་། ཁྲིམས་དོན་གྲོས་གཞིའི་བླང་བྱ་ལྟར། 2030ལོའི་བར་ཡོ་རོབ་མནའ་འབྲེལ་ཉིང་ལྷེབ་ཐོན་ཚད་ཀྱིས་གོ་ལ་ཧྲིལ་པོའི་ཐོབ་སྐལ་བཟུང་ཚད་དེ་ད་ལྟའི་10%ནས་20%བར་མཐོ་རུ་བཏང་ནས། རང་ངོས་དང་འཛམ་གླིང་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་དགོས།
