འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོཊ་ཀྱི་དྲུང་ཡིག་གིས་འབོད་སྐུལ་བྱས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་22ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཚེས་21ཉིན་སྣེ་མང་ཅན་གྱི་འཛམ་གླིང་དང་འཚམ་པའི་ཕྱོགས་མང་ལམ་སྲོལ་འཛུགས་དགོས་པའི་སྐུལ་མ་བཏང་། ཀུའུ་ཐེ་ལི་སིས་མ་འོངས་པའི་དབུ་ཚོགས་ཀྱི་པུའུ་ཀྲང་རིམ་པའི་གྲ་སྒྲིག་ཚོགས་འདུའི་ཐོག་སྣེ་མང་ཅན་གྱི་འཛམ་གླིང་ཆགས་བཞིན་ཡོད། རྒྱལ་ཁབ་མི་འདྲ་བས་འཛམ་གླིང་ལ་སྣེ་ཁྲིད་བྱེད་པར་སྣེ་མང་ཅན་གྱི་འཛམ་གླིང་གིས་གོ་སྐབས་འདོན་སྤྲོད་བྱེད་བཞིན་ཡོད། འོན་ཀྱང་ལོ་རྒྱུས་ཀྱི་ཉམས་མྱོང་ཐོག་ནས་ཕྱོགས་མང་སྟོབས་ལྡན་མེད་པའི་སྣེ་མང་ཅན་གྱི་འཛམ་གླིང་ལ་ཉེན་ཁ་ཚབས་ཆེན་གནས་ཡོད་པས། ས་བབ་ཀྱི་འཐབ་ཇུས་ཛ་དྲག་སྔར་ལས་ཆེ་བ་དང་། གོ་རིམ་མེད་པའི་འགྲན་རྩོད་དང་དེ་བཞིན་ཁ་བྲལ་སྔར་ལས་ཚབས་ཆེན་བཟོ་སྲིད་པ་གསལ་པོར་མཚོན་ཡོད་ཅེས་བཤད།
     ཁོང་གིས་ཕྱོགས་མང་ལམ་སྲོལ་ལ་ཡོངས་ཁྱབ་རང་བཞིན་ལྡན་ན་ད་གཟོད་གསོན་ཤུགས་ཡོད། སང་ལོར་འཚོག་རྒྱུའི་གཏན་ཁེལ་བྱས་པའི་མ་འོངས་པའི་དབུ་ཚོགས་ཀྱིས་ཡིད་ཆེས་དང་བསྒྱུར་བཅོས་དུས་ལས་ཡོལ་བའི་ཕྱོགས་མང་ལམ་སྲོལ་དང་། གཞི་སྒྲོམ་བསྐྱར་སྐྲུན་བྱེད་པར་ཐུན་མོང་མ་ཡིན་པའི་གོ་སྐབས་འདོན་སྤྲོད་བྱས་ཡོད། མ་འོངས་པའི་དབུ་ཚོགས་ནི་ཉེན་ཁ་ཆུང་དུ་གཏོང་བ་དང་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞེས་བཤད།