འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཕུའུ་ཅིང་ཟླ་10པར་ཀྲུང་གོར་ཡོང་རྒྱུ་ཡིན་ནམ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་22ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཟླ་9ཚེས་21ཉིན། ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།  
    ཕྱི་རྒྱལ་སྨྱན་སྦྱོར་གྱི་གསར་འགོད་པས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་དབྱིས་ལ་ཐུག་འཕྲད་བྱེད་སྐབས་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱི་གདན་ཞུས་ལྟར་ཟླ་10པར་ཀྲུང་གོར་འཚམས་འདྲིར་འགྲོ་རྒྱུ་ཡིན་ཞེས་བཤད། ཀྲུང་གོ་ཕྱོགས་ཀྱིས་ཞིབ་ཕྲའི་འཚམས་འདྲིའི་དུས་ཚོད་མཁོ་འདོན་བྱེད་ཐུབ་བམ། 
   མའོ་ཉིང་གིས། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་ད་ལོའི་ཟླ་10པར་འཚོག་རྒྱུ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་རོགས་ཟླ་དང་འབྲེལ་གཏུག་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ང་ཚོས་དུས་ཐོག་ཏུ་འབྲེལ་ཡོད་ཆ་འཕྲིན་དངོས་སུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན། ང་ཚོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དང་རོགས་ཟླ་ཧུར་ཐག་ཞུགས་ཏེ། སྐབས་དེ་དུས་པེ་ཅིང་ལ་ཡོང་ནས་མཉམ་ལས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་དང་འཕེལ་རྒྱས་ཀྱི་ལམ་བུ་མཉམ་དུ་གཏོད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།