༄༅།།ཀྲུང་གོས་ལྗར་པན་གྱི་མྱུལ་མ་ཞིག་བཟུང་ཡོད་དམ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་22ཉིན། 13:21】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་9ཚེས་21ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།
གསར་འགོད་པས་དྲིས་དོན། གནས་འཕྲིན་སྤེལ་བར་གཞིགས་ན། ཀྲུང་གོ་ཕྱོགས་ཀྱིས་གསང་མྱུལ་བྱ་སྤྱོད་སྤེལ་བའི་དོགས་གཞི་ཡོད་པའི་ལྗར་པན་གྱི་སྤྱི་དམངས་ཤིག་དངོས་སུ་འཛིན་རྒྱུའི་གཏན་འབེབས་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ར་སྤྲོད་བྱེད་ཐུབ་བམ།
“ཁྱེད་ཀྱིས་བཤད་པའི་གནད་དོན་སྐོར་ང་ཚོས་དེ་སྔོན་ངོ་སྤྲོད་ཐེངས་མང་བྱས་མྱོང་། ལྗར་པན་གྱི་སྤྱི་དམངས་དེ་གསང་མྱུལ་གྱི་བྱ་སྤྱོད་སྤེལ་བའི་དོགས་གཞི་ཡོད་ཅིང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ལས་འགལ་ནས། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་ཡོད” ཟེར། མའོ་ཉིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཁྲིམས་ལྟར་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ཁག་ལ་འགན་ལེན་བྱ་རྒྱུ་མ་ཟད། འབྲེལ་ཡོད་རྒྱལ་སྤྱིའི་སྤྱི་ཆིངས་དང་ཀྲུང་གོ་དང་ལྗར་པན་གྱི་ཁེ་སྐྱོང་གྲོས་ཆོད་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལྗར་པན་ཕྱོགས་ཀྱི་ཁེ་སྐྱོང་ཐུག་འཕྲད་ལ་མཐུན་རྐྱེན་བསྐྲུན་ཡོད། མའོ་ཉིང་གིས་ནན་བཤད་བྱས་དོན། ཀྲུང་གོ་ནི་ཁྲིམས་སྐྱོང་རྒྱལ་ཁབ་ཅིག་ཡིན་པས་ཀྲུང་གོར་ཡོད་པའི་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་མཁན་ཚང་མས་ངེས་པར་དུ་ཀྲུང་གོའི་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་དགོས་པ་དང་། ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་བདའ་འདེད་གཏོང་རྒྱུ་ཡིན། ཉེ་བའི་ལོ་ཤས་རིང་། ལྗར་པན་སྤྱི་དམངས་ལ་དེ་དང་འདྲ་བའི་གྱོད་གཞི་ཡང་ཡང་ཐོན་གྱི་ཡོད་པས་ལྗར་པན་ཕྱོགས་ཀྱིས་རྒྱལ་ཁབ་རང་གི་སྤྱི་དམངས་ལ་སློབ་གསོ་དང་དྲན་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
