འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡུན་ནན་གྱིས་ནུས་ཤུགས་ཡོད་རྒུས་ཀྲུང་ལོའི་ལྕགས་ལམ་གྱི་ལམ་ཐིག་ཡག་ཤོས་བཏོད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་22ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། དངོས་ཚེ།)

 
    འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲུའུ་སི་ཞུང་དང་། ཞུས་ཡོན་ཧྥུང་། ཡེ་ཁྲོན་ཙེང་།
    རྒྱལ་སྤྱིའི་དངོས་ཟོག་མཉམ་འདྲེན་བྱེད་ཚད་ཉིན་རེར་ཆ་སྙོམས་མེ་འཁོར་2ནས་ཉིན་རེར་ཆ་སྙོམས་མེ་འཁོར་14བར་མང་དུ་ཕྱིན་པ་དང་། ཟོག་འདྲེན་དངོས་ཟོག་རིགས་10ནས་2000ལྷག་ཙམ་བར་མང་དུ་ཕྱིན་པ། དངོས་ཟོག་ཕྱིར་གཏོང་ནང་འདྲེན་སྤྱི་ཡོངས་ནས་འགག་སྒྲོལ་དུས་ཚོད་ཤར་གཏོང་ཐུབ་མ་ཐག་པའི་དུས་ལས་ཕྱེད་ཀ་ཡན་ཐུང་དུ་ཕྱིན་པ་སོགས་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་གཅིག་ལྷག་ཙམ་སོང་ཚུན་ལམ་ཐིག་ཡག་ཤོས་ཀྱི་ལེགས་ཆ་མངོན་གསལ་ཇེ་དོད་དུ་སོང་ཡོད། ཟླ་8ཚེས་31ཉིན་བར། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་རིམ་རྩིས་བརྒྱབ་ན་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་2522ཟིན་པ་དང་། ཟོག་འདྲེན་བྱ་ཡུལ་དང་དངོས་ཟོག་ཡོང་ཁུངས་རྒྱལ་ནང་གི་ཞིང་ཆེན་25དང་འབྲེལ་བ་ཡོད་ཅིང་། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་སྐྱེལ་འདྲེན་དྲ་བ་རྒྱལ་ཁབ་དང་ས་ཁུལ་13ལ་ཁྱབ་ཡོད་པ་རེད།
    2021ལོའི་ཟླ་12ཚེས་3ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བརྙན་ལམ་འབྲེལ་མཐུད་བརྒྱུད་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོར་ཞུགས་སྐབས། ཕྱོགས་གཉིས་པོས་ཡང་འབད་བསྐྱར་འབད་དང་ལས་དོན་སྒྲུབ་མཁས་པོ་བྱས་ནས་ལྕགས་ལམ་སྲུང་སྐྱོང་ཡག་པོ་དང་གཉེར་སྐྱོང་ཡག་པོ་བྱེད་པ་དང་། ལམ་རྒྱུད་གསར་སྤེལ་ཡག་པོ་དང་འཛུགས་སྐྲུན་ཡག་པོ་བྱས་ནས་ལམ་ཐིག་ཡག་ཤོས་བཏོད་དེ་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་གསུངས་ཡོད་པ་རེད།
   ཡུན་ནན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་བཟོས་པ་དང་ལག་ལེན་བསྟར་ཏེ་བགྲོད་ལམ་ནུས་པ་ཆེར་གཏོང་དང་། ཟོག་འགྲེམས་ལྟེ་གནས་འཛུགས་སྐྲུན། ལམ་རྒྱུད་ཐོན་ལས་གསར་སྤེལ། གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་བཅས་ལ་དམིགས་ནས་ནུས་ཤུགས་ཡོད་རྒུས་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་ལམ་ཐིག་ཡག་ཤོས་བཏོད་ཡོད་པ་རེད།
    “ལམ་ཐིག་གཅིག་པོ”དེ“དྲ་བ་གཅིག”ལ་བསྒྱུར་ནས་ཡུན་ནན་གྱིས་བགྲོད་ལམ་གྱི་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་དང་ཟོག་འགྲེམས་ཀྱི་ལྟེ་གནས་འཛུགས་སྐྲུན་བྱས་ནས་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་ཁྱབ་འགྱེད་ནུས་པ་ཆེ་རུ་བཏང་ཡོད་པ་རེད།
    ཟླ་7ཚེས་2ཉིན། རླངས་འཁོར་གྱི་ལྷུ་ལག་སོགས་བླུགས་པའི་ཟོག་འདྲེན་མེ་འཁོར་ཞིག་ཐེ་ལན་གྱི་ལུའོ་ཡུང་ཧྥུའུ་ནས་ཐོན་ཏེ་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་བརྒྱུད་མོ་ཧན་འགག་སྒོ་ནས་ཡུན་ནན་དུ་འབྱོར་བ་དང་། མུ་མཐུད་བྱང་ཕྱོགས་སུ་སི་ཁྲོན་ཁྲེང་ཏུའུ་བར་བསྐྱོད་དེ་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ལ་བརྗེས་མཐར་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སིར་འབྱོར། དེ་ནི“རྫ་ཆུ་དང་། མེ་ཀུང་གཙང་པོ། ཁྲེང་ཏུའུ། ཡོ་རོབ་བཅས་ཀྱི་མྱུར་བགྲོད་ལྕགས་ལམ”ཤར་གཏོང་ཐུབ་རྗེས་ཀྱི“ཀྲུང་གོ་དང་ལོ་སིའི་ལྕགས་ལམ+ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར”གྱི་རྣམ་པའི་ཐོག་ནས་ས་ཁོངས་བསྒྲལ་ཏེ་སྐྱེལ་འདྲེན་བྱེད་པའི་ཟོག་འདྲེན་མེ་འཁོར་ཐོག་མ་ཡིན་ལ། ཡུན་ནན་གྱིས་བགྲོད་ལམ་གྱི་ནུས་པ་ཆེ་རུ་གཏོང་བ་དང་ཟོག་འགྲེམས་ལྟེ་གནས་འཛུགས་སྐྲུན་ལ་འཚོལ་ཞིབ་གལ་ཆེན་བྱས་པ་ཞིག་ཀྱང་རེད།
    ཡུན་ནན་གྱིས་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ལམ་རྒྱུད་ཀྱི་ཟོག་འགྲེམས་ལྟེ་གནས་དང་འབྲེལ་ཚིགས་དྲ་རྒྱའི་བཀོད་པ་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་གཅིག་སྡུད་ལྟེ་གནས་ཧུར་ཐག་བཏོད་ཡོད། ཁུན་མིང་གྲོང་ཁྱེར་གྱིས་སྐམ་སའི་གྲུ་ཁའི་རྣམ་པ་དང་། མཁའ་འགྲུལ་རྣམ་པ། ཚོང་དོན་ཞབས་ཞུའི་རྣམ་པ་བཅས་ཀྱི་བགྲོད་ལམ་གྱི་ལྟེ་གནས་3སྐྲུན་བཞིན་ཡོད་པ་དང་། ཕུ་ཨེར་གྲོང་ཁྱེར་གྱིས་ས་ཁོངས་ནང་གི་རྫོང་ཁོངས་མྱུར་བགྲོད་གཞུང་ལམ“ཤར་གཏོང་ཐུབ་རིགས་ཚང་མ་ཤར་གཏོང་ཐུབ་པ་དང་མཉམ་སྦྲེལ་མཉམ་མཐུད་ཐུབ་རྒྱུར”སྐུལ་འདེད་གཏོང་བཞིན་ཡོད་ལ། ཡུས་ཤིས་གྲོང་ཁྱེར་གྱི་རོང་ས་དམར་པོའི་ཞིང་ལས་ཐོན་རྫས་ཟོག་འགྲེམས་ཉོ་ཚོང་གླིང་དང་། ཤིན་ཕིང་གྲང་ཕྲེང་ཟོག་འགྲེམས་གླིང་། ཧྭ་ཉན་ཕྱོགས་བསྡུས་ཟོག་འགྲེམས་གླིང་སོགས་འཛུགས་སྐྲུན་རྣམ་གྲངས་སྔ་རྗེས་སུ་དོན་འཁྱོལ་བྱས་པ་རེད།
    ཁུལ་བབ་ཀྱི་ལེགས་ཆར་གཞི་ཚུགས་ནས་ཇུས་འགོད་ཏན་ཏིག་བྱས་ཏེ་ཡུན་ནན་གྱིས་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་རྒྱུད་ཀྱི་ཐོན་ལས་གསར་སྤེལ་དང་གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་ལ་སྐུལ་འདེད་གཏོང་བ་གཙོ་གནད་དུ་བཟུང་ནས་ཐོན་ལས་གྲུབ་ཆ་མུ་མཐུད་ལེགས་སྒྲིག་རིམ་སྤོར་བྱས་པ་རེད།
    ཞིང་ནགས་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་། བཟའ་བཅའ། ཡང་བའི་བཟོ་ལས། ཁོར་ཡུག་སྲུང་སྐྱོང་གི་ཨར་སྐྲུན་རྒྱུ་ཆ་སོགས་གཙོ་གནད་འཕེལ་རྒྱས་ཀྱི་ཐོན་ལས་ལ་འགྱུར་བཞིན་ཡོད། ཁུན་མིང་གྲོང་ཁྱེར་གྱིས“ཟོག་འགྲེམས+ས་མཐོའི་ཁྱད་ལྡན་ཞིང་ཞོར་ཐོན་རྫས+གྲངས་འཛིན་མཐོ་ས་གསར་པའི”ཐོན་ལས་ནུས་ཤུགས་ཡོད་རྒུས་བཏོད་པ་དང་། ཡུས་ཤིས་གྲོང་ཁྱེར་གྱིས་ལྗང་མདོག་ངར་ལྕགས་དང་། སྐྱེ་དངོས་སྨན་རྫས། ལྗང་མདོག་བཟའ་བཅའ་འཕེལ་རྒྱས་སོགས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཚན་ཁག་བཙུགས་པ། ཕུ་ཨེར་གྲོང་ཁྱེར་གྱིས་ཉིང་ཨེར་རྫོང་མེ་འཁོར་བབས་ཚུགས་ཀྱི་གྲང་ཕྲེང་ཟོག་འགྲེམས་གླིང་སོགས་ལ་བརྟེན་ནས་ཞིང་ནགས་ཐོན་རྫས་ཐོན་ལས་འཕེལ་རྒྱས་བཏང་བ། ཤིས་ཧྲོང་པན་ནཱ་ཏའེ་རིགས་རང་སྐྱོང་ཀྲོའུ་ཡིས་རིག་གནས་ཡུལ་སྐོར་ལུས་གསོ་ཁང་དང་། རང་བྱུང་འགྱིག་གི་ཐོན་ལས། འགག་སྒོའི་དཔལ་འབྱོར་སོགས་གཙོ་གནད་ཐོག་སྐྱེད་སྲིང་སོགས་ཀྱི་ལས་དོན་འབོར་ཆེན་བསྒྲུབས་ཡོད། ད་ལོའི་ལོ་སྟོད་དུ་ཡུན་ནན་གྱི་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་རྒྱུད་ཀྱི་ཀྲོའུ(གྲོང་ཁྱེར)4ཡིས་རྣམ་གྲངས་350ལ་གན་རྒྱ་བཞག་པ་དང་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཐེངས་38འཚོགས་པར་གན་འཇོག་དངུལ་གྲངས་སྒོར་དུང་ཕྱུར་ཆིག་སྟོང་ཙམ་ཟིན་ཡོད་པ་རེད།
   ཡུན་ནན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱིས་ལམ་རྒྱུད་ཀྱི་ཕུན་སུམ་ཚོགས་པའི་ཞིང་ནགས་སོགས་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ནས་ལམ་རྒྱུད་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཡོད་ཅེས་བརྗོད་པ་རེད།
    ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཤར་གཏོང་ཐུབ་པ་གོ་སྐབས་བཟུང་ནས་ཡུན་ནན་གྱིས་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱས་ཏེ་སྒོ་དབྱེ་རྣམ་པའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།