༄༅།།ས་ཆ་འདི་ནས་སླར་ཡང་རྒྱལ་པོའི་བང་སོ་ཞིག་རྙེད་འདུག
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་20ཉིན། 13:49】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་9ཚེས་19ཉིན། གསར་འགོད་པས་ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། གནའ་རྫས་རྟོག་ཞིབ་མི་སྣས་ཧྲའན་ཞི་ཞིང་ཆེན་ཞན་དབྱང་གྲོང་ཁྱེར་ཧུང་ཁྲའོ་ཡོན་ནས་ཀྲོའུ་བྱང་མའི་རྒྱལ་འཛུགས་གོང་མ་ཞའོ་མིང་ཏི་ཡུས་ཝུན་ཅུའེ་ཡི་བང་སོ་རྙེད་པ་དང་། དེ་ནི་ཀྲོའུ་བྱང་མའི་གོང་མ་ཝུའུ་ཏིའི་བང་སོ་རྙེད་རྗེས་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་ནས་བྱུང་བའི་ཀྲོའུ་བྱང་མའི་རྒྱལ་པོའི་བང་སོ་གཉིས་པ་དེ་རེད། ཀྲོའུ་བྱང་མའི་ཡུས་ཝུན་ཅུའེ་ཡི་བང་སོར་གནའ་རྫས་རྟོག་ཞིབ་བྱེད་པའི་དོན་སྙིང་གལ་ཆེན་ལྡན་ཡོད། ཡུས་ཝུན་ཅུའེ་ནི་“ལུའེ་དབྱང་ཀུང་”ཡི་མིང་ཐོག་ནས་དུར་སྦས་བྱས་པ་དང་། དེས་ཀྲོའུ་བྱང་མའི་དུས་ཀྱི་ཆབ་སྲིད་འཐབ་རྩོད་ལ་དངོས་རྫས་ཀྱི་དཔང་རྟགས་མཁོ་འདོན་བྱས་པ་མ་ཟད། རྒྱལ་རབས་བྱང་མའི་ལོ་རྒྱུས་ལ་དཔྱད་གཞི་ཁ་གསབ་ཀྱང་བྱས་ཡོད། གཞན་ཡང་། ཅིང་ལིང་བང་སོའི་གནས་གཏན་འཁེལ་བྱས་པ་དེས་ཀྲོའུ་བྱང་མའི་རྒྱལ་པོའི་བང་སོ་གཞན་གསུམ་གྱི་བང་སོ་ཁྱབ་ཚུལ་ལ་མཛུབ་སྟོན་གྱི་ཆ་འཕྲིན་གལ་ཆེན་མཁོ་འདོན་བྱས་ཡོད།
【1】
【2】