༄༅།།བོད་ལྗོངས་གཞིས་རྩེར“གློག་ཤུགས་མཁའ་ལམ”ལ་ཉམས་བཟོ་བྱས་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་19ཉིན། 13:17】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་ཟླ་9ཚེས་13ཉིན་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་མངའ་ཁོངས་སུ་རྒྱལ་ཁབ་གློག་དྲ་གཞིས་རྩེ་གློག་འདོན་ཀུང་སིའི་ཞིབ་བཤེར་མི་སྣས་མངའ་རིས་དྲ་སྦྲེལ་ལས་གྲྭའི་གཞིས་རྩེ་དུམ་བུའི་གློག་སྐུད་ལ་ཉམས་བཟོ་བྱེད་བཞིན་པ།
ཟླ་9ཚེས་12ཉིན་ནས་བཟུང་མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭའི(གཤམ་དུ“མངའ་རིས་དྲ་སྦྲེལ་ལས་གྲྭ”ཞེས་བསྡུ་རྒྱུ)ལོ་འཁོར་གྱི་ཕྱོགས་ཡོངས“ཞིབ་བཤེར”ལས་དོན་སྤེལ་ནས། བོད་ལྗོངས་མངའ་རིས་དང་ལམ་རྒྱུད་ས་ཁུལ་གྱི་འདི་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་བདེ་འཇགས་དང་བློས་འགེལ་ཆོག་པའི་གློག་སྤྱོད་ཐུབ་པར་འགན་ལེན་བྱས་ཡོད།