འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡུག་རེན་གྱིས་འགོ་ཁྲིད་6གི་གོ་གནས་མེད་པ་བཟོས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་19ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཚེས་18ཉིན། ཡུག་རེན་ནང་བློན་ཁང་གི་པུའུ་ཀྲང་ཉེ་མུའུ་ཆིན་ནུའོ་ཕུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས། ཡུག་རེན་ནང་བློན་ཁང་གིས་ཉིན་དེར་ཨན་ནཱ་·མ་ལི་ཡ་ཚུད་པའི་ཡུག་རེན་རྒྱལ་སྲུང་པུའི་པུའུ་ཀྲང་གཞོན་པ་6དང་རྒྱལ་དོན་དྲུང་ཡིག་བཅས་ཀྱི་གོ་གནས་མེད་པར་བཟོ་རྒྱུའི་བཀའ་བཏང་། ལས་གནས་ལས་གྲོལ་བའི་མིང་ཐོའི་ནང་ཡུག་རེན་རྒྱལ་སྲུང་པུའི་པུའུ་ཀྲང་གཞོན་པ་དང་པོ་ཡ་ལི་ཧྲན་ཏཱ་·ཕ་ཕུའུ་ལིའུ་ཁེ་ཚུད་མེད།
   ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས། ཟླ་འདིའི་ཚེས་3ཉིན། རྒྱལ་སྲུང་པུའི་པུའུ་ཀྲང་ལེ་ཚི་ཉི་ཁོ་ཕུའུ་ཡི་གོ་གནས་མེད་པར་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་འབྲེལ་ཡུག་རེན་གཞུང་ཁོངས་རྒྱུ་ནོར་ཐེབས་རྩ་ལྷན་ཚོགས་ཀྱི་འགན་འཁུར་བ་ཝུའུ་མེ་ལུའོ་ཕུའུ་རྒྱལ་སྲུང་པུའུ་ཀྲང་གི་འགན་འཁུར་གྱི་མིང་འདོན་བྱས་ནས་གསར་དུ་བསྐོ་གཞག་བྱས་པ་རེད། ཡུག་རེན་གྱི་ཆེས་མཐོའི་ལ་ཏཱ་(དབྱི་ཧུའེ་གྲོས་ཚོགས་)ཡིས་དེ་རྗེས་ལེ་ཚི་ཉི་ཁོའོ་ཕུའུ་རྒྱལ་སྲུང་པུའི་པུའུ་ཀྲང་གི་གོ་གནས་ལ་གྲོས་ཞིབ་བྱས་པ་དང་འབྲེལ་འདེམས་ཤོག་འཕངས་ནས་ཕྱིར་འཐེན་བྱས་པ་དང་། ཝུའུ་མེ་ལུའོ་ཕུའུ་རྒྱལ་སྲུང་པུའུ་ཀྲང་ལ་གསར་དུ་བསྐོ་གཞག་བྱས་པ་རེད།
   ཡུག་རེན་གྱི་འབྲེལ་ཡོད་བཅའ་ཁྲིམས་ལ་གཞིགས་ན། པུའུ་ཀྲང་གི་གོ་གནས་ལས་གྲོལ་བའི་གནས་ཚུལ་འོག ཡུག་རེན་ནང་བློན་ཁང་གིས་སྡེ་ཚན་དེའི་པུའུ་ཀྲང་གཞོན་པ་དང་པོ་དང་པུའུ་ཀྲང་གཞོན་པའི་གོ་གནས་ཀྱང་དེ་དང་ཆབས་ཅིག་ཏུ་མེད་པ་བཟོ་རྒྱུ་རེད།