འཚོལ་བཤེར།   
藏文频道
2023ལོའི་ཟླ་9ཚེས་19ཉིན།

༄༅།།རྒྱ་གར་གྱི་ཕྱི་འབྲེལ་དཔོན་རིགས་གལ་ཆེན་ཞིག་ཕྱིར་འབུད་བྱས་འདུག  

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་19ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཁ་ན་ཏའི་ཕྱི་འབྲེལ་པུའུ་ཀྲང་ཆའོ་ལི་ཡིས་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་18ཉིན། ཁ་ན་ཏས“རྒྱ་གར་གྱི་ཕྱི་འབྲེལ་དཔོན་གལ་ཆེན་”ཞིག་ཕྱིར་འབུད་བྱས་པ་དང་འབྲེལ། རྒྱ་གར་སྲིད་གཞུང་དང་ཁ་ན་ཏ་ཕྱོགས་ཀྱིས་མཉམ་ལས་གང་ལེགས་བྱས་མཐར། ཁ་ན་ཏར་ཡོད་པའི་ཞི་ཁེ་ཆོས་བདག་ཉི་ཅའར་གྲོངས་པའི་དོན་རྐྱེན་གྱི་གནས་ཚུལ་ངོ་མ་ཞིབ་བཤེར་གསལ་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། ཁ་ན་ཏ་ཕྱོགས་ཀྱིས་དེ་གོང་བརྟག་དཔྱད་བྱས་པ་ལས་མངོན་པར། རྒྱ་གར་ཕྱོགས་ལ་ཆོས་བདག་དེ་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་དང་འབྲེལ་བ་ཡོད་པར་དོགས་པ་བྱེད་ཀྱི་ཡོད།
   དེ་མིན། ཚེས་18ཉིན་ཁ་ན་ཏའི་ཕྱི་འབྲེལ་པུའུ་ཀྲང་ཆའོ་ལི་ཡིས་ཕྱིར་འབུད་བྱས་པའི་རྒྱ་གར་གྱི་ཕྱི་འབྲེལ་དཔོན་དེ་ནི་རྒྱ་གར་གསང་འཕྲིན་སྒྲིག་གཞིའི་ཁ་ན་ཏ་རུ་བཅའ་སྡོད་འགན་འཁུར་བ་ཡིན་པ་གཏན་འཁེལ་བྱས་པ་རེད།