འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།“ཐོ་རེངས་སྐར་ཆེན་”གསལ་ཤོས་དེ་འཆར་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་19ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།“ཐོ་རེངས་སྐར་ཆེན་”གསལ་ཤོས་དེ་འཆར་རྒྱུ་རེད།
   ཟླ་8པའི་ཟླ་སྨད་ནས་བཟུང་། སྐར་མ་པ་སངས་སྐྱ་རེངས་ཤར་སྐབས་ཤར་ཕྱོགས་སུ་འཆར་རྒྱུ་དང་།  རང་རྒྱལ་དུ་དུས་ཡུན་དེའི་རིང་གི་དུས་ཚོད་ནས་ལོ་སྔོན་མའི་སྐར་མ་པ་སངས་ལ་“ཐོ་རེངས་སྐར་ཆེན་”ཞེས་འབོད་ཀྱི་ཡོད། ཟླ་9ཚེས་19ཉིན། “ཐོ་རེངས་སྐར་ཆེན་”དེ་ལོ་ཧྲིལ་པོའི་གསལ་ཆ་ཆེ་ཤོས་ཀྱི་དུས་སྐབས་སུ་སླེབས་རྒྱུ་རེད།   
   ཚེས་19ཉིན་གྱི་ཐོ་རེངས་སུ། གལ་ཏེ་གནམ་གཤིས་དྭངས་ཚེ། ནངས་སྔ་མོར་ལངས་མཁན་ཚོས་ཤར་ཕྱོགས་ཀྱི་མཁའ་དབྱིངས་སུ་བལྟས་ཚེ། མིག་གིས་མཐོང་རྒྱུ་ཡོད་པའི་“ཐོ་རེངས་སྐར་ཆེན་”མཐོང་རྒྱུ་ཡོད། པེ་ཅིང་གནམ་རིག་ཁང་གི་རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྐར་མ་པ་སངས་ལ་ལྟ་བར་ཚེས་19ཉིན་གྱི་ཉིན་མོ་ཙམ་མ་ཡིན། ད་ལྟ་ནས་ལོ་མཇུག་བར་དུ་སྐར་མ་པ་སངས་ནི་སྐྱ་རེངས་སྐབས་ཀྱི་སྐར་མ་གསལ་ཤོས་དེ་རེད། 
༄༅།།“ཐོ་རེངས་སྐར་ཆེན་”གསལ་ཤོས་དེ་འཆར་རྒྱུ་རེད།