༄༅།།《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས》ཀྱི་དབྱི་ཐ་ལི་ཡི་གེའི་དཔར་མ་དབྱི་ཐ་ལིར་དཔེ་
སྐྲུན་འགྲེམས་སྤེལ་བྱས་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་19ཉིན། 10:46】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རོ་མ་ནས་ཟླ་9ཚེས་13ཉིན་གློག་འཕྲིན་འབྱོར་གསལ། 《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས》ཀྱི་དབྱི་ཐ་ལི་ཡི་གེའི་དཔར་མ་ཉིན་ཤས་གོང་དབྱི་ཐ་ལིར་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དང་། དེའི་དམིགས་ཡུལ་ནི་དབྱི་ཐ་ལིའི་ཀློག་པ་པོས་དེ་བས་དངོས་ཡོད་དང་ཡང་དག་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་ལོ་རྒྱུས་དང་སྲིད་སྐྱོང་འདུ་ཤེས་ལ་རྒྱུས་མངའ་ལོན་ཐབས་བྱ་ཆེད་རེད།
《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས》ཀྱི་དབྱི་ཐ་ལི་ཡི་གེའི་དཔར་མའི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་ཚེས་13ཉིན་དབྱི་ཐ་ལིའི་རྒྱལ་ས་རོ་མར་འཚོགས་པ་རེད། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་དང་ཀྲུང་དབྱང་རྩོམ་སྒྱུར་ཅུས་ཀྱི་ཅུས་ཀྲང་ཁྲའེ་ཧྥང་གོ་ཡིས་བཞུགས་མོལ་ཚོགས་འདུའི་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས》ཀྱི་ནང་དོན་གཙོ་བོ་ངོ་སྤྲོད་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་འོད་སྟོང་འཕྲོ་བའི་བརྒྱུད་རིམ་དང་། གྲུབ་འབྲས་རླབས་པོ་ཆེ། རྩ་ཆེའི་ཉམས་མྱོང་བཅས་རྒྱས་བཤད་བྱས་པ་རེད།
དབྱི་ཐ་ལིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཅ་ཀུའེ་ཏེ་ཡིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གུང་ཏང་གི་ལོ་རྒྱུས་ནི་ཀྲུང་གོ་གུང་ཁྲན་ཏང་ལ་རྒྱུས་མངའ་ལོན་པའི་ལྡེ་མིག་ལྟ་བུ་རེད། 《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས》ཀྱིས་དབྱི་ཐ་ལིའི་ཀློག་པ་པོས་ཀྲུང་གོ་གུང་ཁྲན་ཏང་ལ་རྒྱུས་མངའ་ལོན་པ་དང་། དངོས་ཡོད་དང་། ཕྱོགས་ཡོངས། སྐྱེ་སྟོབས་བཅས་ལྡན་པའི་ཀྲུང་གོ་གུང་ཁྲན་ཏང་ཤེས་རྟོགས་བྱེད་པར་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་བརྗོད་པ་རེད།
དབྱི་ཐ་ལི་གུང་ཁྲན་ཏང་རྒྱལ་ཡོངས་ཀྱི་ཧྲུའུ་ཅི་ཨ་ཨེར་པོ་ལེ་ཤིས་ཚུད་པའི་མི་50ལྷག་ཙམ་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས》ཀྱི་དབྱི་ཐ་ལི་ཡི་གེའི་དཔར་མ་དབྱི་ཐ་ལིའི་དུས་རབས་21པའི་མར་ཁེ་སི་དཔེ་སྐྲུན་ཁང་གིས་ཡིག་སྒྱུར་སྒྲིག་འཛུགས་དང་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
