༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གིས་བརྡ་ཁྱབ་བཏང་དོན།
རྒྱལ་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་འཛོལ་གྱི་བསྡོམས་འབོར་དུས་མཚུངས་ལས་ཆེས་ཆེར་ཆག་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་19ཉིན། 10:44】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གིས་རྒྱལ་ཡོངས་ཀྱི་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ཆེད་དོན་གྲལ་བཤེར་དང་བཅོས་སྒྲིག་གི་2023ལོའི་བྱ་སྤྱོད་སྤེལ་ཚུལ་བརྡ་ཁྱབ་བཏང་བ་རེད། ཆེད་དོན་བྱ་སྤྱོད་སྤེལ་ཚུན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསྡོམས་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ཁག་ཁྲི་19.12ལ་གྲལ་བཤེར་བྱེད་སྐབས་རྒྱལ་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་འཛོལ་གྱི་བསྡོམས་འབོར་དང་མི་ཤི་ཚད་དུས་མཚུངས་ལས་ཆེས་ཆེར་ཆག་པ་དང་། ཞིང་ཆེན་18ཀྱི་ལས་འཛོལ་ཅུང་ཆེ་གྲས་ཐོན་ཚད་དུས་མཚུངས་ལས་ཆག་པའམ་ཡང་ན་དོ་སྙོམས་བྱུང་ནས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཞིང་ཆེན་རིམ་པའི་ལས་དོན་ཚོགས་ཆུང་བསྡོམས་1300ལྷག་ཙམ་དང་པུའུ་རིམ་པའི་ལས་དོན་ཚོགས་ཆུང་320ལྷག་ཙམ་མངགས་ནས་རོགས་སྐྱོར་མཛུབ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་ལས་དོན་སྤེལ་བ་རེད།
མིག་སྔར། རྒྱལ་ཡོངས་ཀྱི་ཞིང་ཆེན་29གནད་སྨིན་ཁྲིམས་འཛིན་གྱི་དུས་མཚམས་སུ་སླེབས་ཤིང་། དུས་མཚམས་དེར་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་གཏན་འཁེལ་ཚད་གཞི་འདོན་དགོས་རིགས་འདོན་རྒྱུར་སྐུལ་འདེད་གཏོང་བ་དང་། ལྟ་འདོམས་དང་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་བཤེར་དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། དངོས་འབྲེལ་ཞིབ་བཤེར་དང་དག་ཐེར་བྱ་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་རྒྱུན་མཐུད་ཤུགས་རྒྱག་པ། ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་ཐོན་རྒྱུ་མཐའ་གཅིག་ཏུ་འགོག་པ་བཅས་བྱས་ནས་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་བར་འགན་ལེན་བྱ་རྒྱུ་རེད།
