༄༅།།ཝང་དབྱིས་ཨ་རིའི་འགོ་ཁྲིད་འདི་དང་གྲོས་མོལ་གནང་།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་18ཉིན། 14:32】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་2023ལོའི་ཟླ་9ཚེས་16ནས་ཚེས་17ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཕྱི་དོན་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་དབྱི་ཡིས་མར་ཐ་རུ་ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཧྲ་ལི་ཝུན་དང་གྲོས་མོལ་ཐེངས་མང་གནང་བ་རེད།
ཕྱོགས་གཉིས་པོས་ཀྲུང་གོ་དང་ཨ་རི་བར་གྱི་འབྲེལ་བ་བརྟན་ལྷིང་དང་ལེགས་བཅོས་ཡོང་བར་དམིགས་ནས་ལྷག་བསམ་ཟོལ་མེད་དང་། ངོ་བོའི་རང་བཞིན། དགེ་མཚན་ལྡན་པ་བཅས་ཀྱི་འཐབ་ཇུས་སྤེལ་རེས་བྱས་ཡོད། ཝང་དབྱི་ཡིས་ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་བརྒལ་ཐབས་མེད་པའི་དམར་ཐིག་དང་པོ་དེ་ཡིན་པས། ཨ་རི་ཕྱོགས་ཀྱིས་ངེས་པར་དུ་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་ལ་བརྩི་སྲུང་ནན་པོར་ཞུ་བ་དང་། “ཐའེ་དབན་རང་བཙན་”ལ་རྒྱབ་སྐྱོར་མི་བྱེད་པའི་ཁས་ལེན་དོན་འཁྱོལ་བྱེད་དགོས། ཀྲུང་གོའི་འཕེལ་རྒྱས་ལ་གཏིང་གི་སྒུལ་ཤུགས་ཆེན་པོ་ལྡན་པ་དང་། ལྡོག་མེད་ཀྱི་ལོ་རྒྱུས་གཏན་ཚིགས་བརྩི་སྲུང་བྱེད་པ་ནི་འགོག་ཐབས་མེད་པ་ཞིག་ཡིན་པས། ཀྲུང་གོའི་མི་དམངས་ཀྱི་ཚུལ་དང་མཐུན་པའི་འཕེལ་རྒྱས་གཏོང་དབང་འཕྲོག་ལེན་བྱེད་མི་རུང་ཞེས་ནན་བཤད་གནང་བ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་པཱ་ལི་གླིང་ཕྲན་དུ་མཇལ་འཛོམས་གནང་སྐབས་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་བ་མུ་མཐུད་དོན་འཁྱོལ་དང་། ཕྱོགས་གཉིས་པོའི་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས། ཀྲུང་གོ་དང་ཨ་རི། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དོན་གྲོས་མོལ་དང་། རྒྱ་མཚོའི་ལས་དོན་གྲོས་མོལ། ཕྱི་འབྲེལ་སྲིད་ཇུས་གྲོས་མོལ་བཅས་བྱ་རྒྱུའི་མོས་མཐུན་བྱུང་བ་རེད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་ལ་རྒྱབ་སྐྱོར་དང་སྟབས་བདེ་སྔར་ལས་ལྷག་པ་སྐྲུན་པའི་བྱེད་ཐབས་སོགས་ལ་གྲོས་བསྡུར་བྱས་པ་རེད།
ཕྱོགས་གཉིས་པོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་གནས་བབ་དང་། ཡུག་རེན་དང་ཁོ་རེ་ཡ་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཡང་གྲོས་བསྡུར་བྱས་པ་རེད།
