འཚོལ་བཤེར།   
藏文频道
2023ལོའི་ཟླ་9ཚེས་18ཉིན།

༄༅།།ཉེས་ཅན་འདི་བཟུང་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་18ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་9ཚེས་18ཉིན་གྱི་ཐོ་རེངས་སུ། ཧེ་ལུང་ཅང་ཆི་ཆི་ཧར་ལུང་ཅང་རྫོང་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།
     ཟླ་9ཚེས་16ཉིན། ལུང་ཅང་རྫོང་སྤྱི་བདེ་ཅུས་ལ་ཉེས་དོན་གྱོད་གཞི་ཚབས་ཆེན་ཞིག་གི་སྙན་སེང་འབྱོར་ཞིང་། སྤྱི་བདེ་ལས་ཁུངས་ཀྱིས་བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཞུས་ཆེ་གེ་མོས་ཁྱིམ་ཚང་གི་འགལ་བའི་རྐྱེན་གྱིས་གནོད་འཚེ་ཕོག་མཁན་ཀྲའོ་ཆེ་གེ་མོ་བསད་རྗེས་བྲོས་བྱོལ་དུ་སོང་བ་རེད། ཟླ་9ཚེས་17ཉིན། ཞུས་ཆེ་གེ་མོ་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པ་རེད། མིག་སྔར་གྱོད་གཞི་དེ་སྔར་ལས་ལྷག་པར་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།