འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨུ་རུ་སུས་འཕེན་གཏོང་བྱས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་18ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་15ཉིན་གྱི་དགོང་མོ། ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་པ་ཨའོ་ལེ་ཀེ་·ཁོ་ནུའོ་ཉན་ཁོའོ་དང་། ཉི་ཀུའུ་ལ་·ཆིའུ་པུའུ། ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ་རོ་ལར་·ཨའོ་ཧ་ལ་བཅས་“མནའ་འབྲེལ་MS-24”མི་བཞུགས་འཕུར་གྲུར་བཞུགས་ནས་པའེ་ཁོ་ནུའར་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་ནས་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་རེད།
   ས་གནས་དེ་གའི་དུས་ཚོད་ཚེས་15ཉིན། ཨུ་རུ་སུའི་“མནའ་འབྲེལMS-24”ཡི་མི་བཞུགས་འཕུར་གྲུ་འཕེན་གཏོང་བདེ་བླག་ངང་ལམ་ལྷོང་བྱུང་བ་དང་། རྒྱལ་སྤྱིའི་བར་སྣང་ས་ཚིགས་ཀྱི་ཨུ་རུ་སུའི་འཕུར་གྲུའི་“སྐྱ་རེངས་”གྲུ་ཚང་དང་སྦྲེལ་མཐུད་བྱས་པ་རེད།