འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།“གོ་ལ་གཞན་པའི་སྐྱེ་དངོས་”པུར་རུས་རེད་དམ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་15ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།“གོ་ལ་གཞན་པའི་སྐྱེ་དངོས་”པུར་རུས་རེད་དམ།
   ས་གནས་དེ་གའི་དུས་ཚོད་ཚེས་12ཉིན། མོ་ཞི་ཁོ་གྲོས་ཚོགས་ཀྱིས“གསལ་པོར་མི་ཤེས་པའི་རྒྱུན་འགལ་སྣང་ཚུལ་”དང་འབྲེལ་བ་ཡོད་པའི་ཡོངས་བསྒྲགས་ཀྱི་དཔང་ཉན་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་། “གོ་ལ་གཞན་པའི་སྐྱེ་དངོས་”པུར་རུས་ཡིན་དོགས་གཉིས་འགྲེམས་སྟོན་བྱས་པ་རེད།
   དེ་ཉིན་གྱི་དཔང་ཉན་ཚོགས་འདུའི་ཐོག མོ་ཞི་ཁོ་གྲོས་ཚོགས་ཀྱིས“གོ་ལ་གཞན་པའི་སྐྱེ་དངོས”པུར་རུས་འདྲ་པོ་གཉིས་ཕྱི་ཕྱོགས་སུ་འགྲེམས་སྟོན་བྱས་པ་རེད། པུར་རུས་དེ་གཉིས་2017ལོར་ཕེ་རུར་རྙེད་པ་དང་། ད་བར་སོ་སོར་ལོ་1800དང་ལོ་700ཡི་ལོ་རྒྱུས་ཡོད་པ་རེད། པུར་རུས་དེའི་མགོ་ཕྲ་ཞིང་རིང་ལ་ལག་པ་རེར་མཛུབ་མོ་གསུམ་རེ་ཡོད།  པུར་རུས་ལས་བླངས་པའི་DNAཡིས་ཀྱང་ཁོ་ཚོ་ནི་མིའི་རིགས་མིན་པ་མཚོན།
   མིག་སྔར་པུར་རུས་དེ་གཉིས་ཀྱི་གནས་ཚུལ་དངོས་ལ་ཞིབ་འཇུག་སྔར་ལས་ལྷག་པར་བྱེད་དགོས། དཔང་ཉན་ཚོགས་འདུའི་ཐད་གཏོང་ལ་ལྟ་མཁན་དམངས་ཚོགས་ཀྱིས“པུར་རུས་”དེ་གཉིས་བདེན་པ་ཡིན་མིན་ལ་དོགས་པ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད། ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། མོ་ཞི་ཁོ་ཕྱོགས་ཀྱིས་དཔང་ཉན་ཚོགས་འདུ་བརྒྱུད་དེ་འབྲེལ་ཡོད་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་གཏོང་རྩིས་ཡོད་པ་རེད། རྒྱལ་ཁབ་དེ་ཉིད་དེའི་རྐྱེན་གྱིས་གོ་ལ་ཧྲིལ་པོའི“གོ་ལ་གཞན་པའི་སྐྱེ་དངོས”ཡོད་པ་ཁས་ལེན་བྱེད་མཁན་རྒྱལ་ཁབ་དང་པོར་འགྱུར་སྲིད།
   ཚེས་14ཉིན། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པའི་གཞུང་ཕྱོགས་ཀྱི་རྩིས་ཨང་ནང་། མིག་སྔའི་བར་ང་ཚོས་འཇིག་རྟེན་འཕུར་སྐྱོད་བྱེད་སྒོའི་ནང་སྐར་མའི་གོ་ལ་གཞན་པའི་མི་གནས་པ་ར་སྤྲོད་ཐུབ་པའི་དཔང་རྟགས་ཁུངས་བཙན་རྙེད་མེད་ཅེས་འཁོད་ཡོད་པ་རེད།