འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོའི་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་14ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     བསམ་ཡུལ་ལས་འདས་པར་འདི་ག་ནི་དེ་སྔ་རྩྭ་ར་ཞིག་ཡིན་པ་དང་། བྱེ་འགྱུར་ཚབས་ཆེ་བའི་རྐྱེན་གྱིས་ས་གནས་དེ་གའི་གྲོང་མིས་སྲོལ་རྒྱུན་ལྟར་དེ་གར་ཕྱུགས་འཚོ་ཐབས་བྲལ་བར་གྱུར། 2016ལོ་ནས་བཟུང་། ས་གནས་དེ་གའི་སྲིད་གཞུང་གིས་སྐྱེ་ཁམས་བཅོས་སྐྱོང་འདུ་འགོད་ལག་ལེན་བསྟར་བའི་གོ་སྐབས་དང་བསྟུན་ནས་ཞིང་ལས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་མ་དངུལ་བསྡུ་སྒྲིལ་བྱས་ཏེ་ཡུག་གཅིག་ལ་སྐལ་བཟང་མེ་ཏོག་བཏབ་ནས་མུའུ་1600ཙམ་གྱི་གསལ་ལའི་མེ་ཏོག་གི་ཞིང་ཁམས་དེ་བཏོད།
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། སྟོན་འགོ་ཚུགས་རྗེས་ལོ་55ལ་སླེབས་པའི་རྒད་པོ་ཀྲང་ལགས་ཀྱིས་བྱེས་བགྲོད་རླངས་འཁོར་ནག་པོ་ཞིག་བཏང་ནས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་ནས་འདབ་པའི་ཉིན་སྟེང་དུ་བསྐྱོད།
     ཁོང་གི་མིང་ལ་ཀྲང་ཀྲོང་ཟེར་བ་དང་། ཕ་ཡུལ་པེ་ཅིང་ནས་ཡིན་ཞིང་། གློག་ཤུགས་ལས་གྲྭའི་ལས་ཀ་བྱེད་ཀྱི་ཡོད། སྒེར་འཁོར་བཏང་ནས་ཡུལ་སྐོར་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད། ལོ་དེ་དག་ནང་རྒྱལ་ཡོངས་ཀྱི་ས་ཆ་མང་པོར་བསྐྱོད་མྱོང་། ད་རེས་ཁོང་གིས་ཟླ་9ཚེས་1ཉིན་པེ་ཅིང་ནས་རྡོག་ཐོན་བྱས་ཏེ་ནང་མི་ཁྲིད་ནས་ཆེད་མངགས་སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོར་ཡོང་སྟེ་གཟི་རྩ་སྡེ་དགུའི་གསེར་མཚོ་དང་འདབ་པའི་ཉིན་སྟེང་སོགས་ཀྱི་རང་བྱུང་མཛེས་ལྗོངས་དང་བོད་རིགས་ཀྱི་ཐུན་མིན་ཉམས་འགྱུར་ལ་མྱོང་རོལ་བྱེད་པར་ཡོང་།
     འདབ་པ་རྫོང་སྐར་ཐང་གྲོང་རྡལ་གྱི་གསལ་ལའི་མེ་ཏོག་ཞིང་ཁམས་ནི་ལི་ཐང་ནས་འདབ་པའི་བར་གྱི་ལོ་རྒྱུད་ཀྱི་དགའ་བསུ་ཐོབ་ཆེ་ཤོས་ཀྱི་ས་ཆ་ཞིག་རེད། མིག་མདུན་དུ་ཁ་དོག་དམར་སྨུག་དང་དཀར་པོ་འདྲེས་པའི་སྐལ་བཟང་མེ་ཏོག་མུ་མཐའ་མེད་པའི་དབང་གིས་ཡུལ་སྐོར་བ་ཚོས་གཅིག་རྗེས་གཉིས་མཐུད་ངང་རླངས་འཁོར་ནས་བབས་ཏེ་ལྟ་སྐོར་བྱེད་པར་བྲེལ།
     བསམ་ཡུལ་ལས་འདས་པར་འདི་ག་ནི་དེ་སྔ་རྩྭ་ར་ཞིག་ཡིན་པ་དང་། བྱེ་འགྱུར་ཚབས་ཆེ་བའི་རྐྱེན་གྱིས་ས་གནས་དེ་གའི་གྲོང་མིས་སྲོལ་རྒྱུན་ལྟར་དེ་གར་ཕྱུགས་འཚོ་ཐབས་བྲལ་བར་གྱུར། 2016ལོ་ནས་བཟུང་། ས་གནས་དེ་གའི་སྲིད་གཞུང་གིས་སྐྱེ་ཁམས་བཅོས་སྐྱོང་འདུ་འགོད་ལག་ལེན་བསྟར་བའི་གོ་སྐབས་དང་བསྟུན་ནས་ཞིང་ལས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་མ་དངུལ་བསྡུ་སྒྲིལ་བྱས་ཏེ་ཡུག་གཅིག་ལ་སྐལ་བཟང་མེ་ཏོག་བཏབ་ནས་མུའུ་1600ཙམ་གྱི་གསལ་ལའི་མེ་ཏོག་གི་ཞིང་ཁམས་དེ་བཏོད།
     འགྲིམ་འགྲུལ་སྟབས་བདེ་བའི་དབང་གིས་གསལ་ལའི་མེ་ཏོག་ཞིང་ཁམས་དེ་ཉིད་མྱུར་དུ་སྐད་གྲགས་ཆོད་ནས་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རྣམ་པ་གསར་པ་དང་ལས་རྣམ་གསར་པ་འཕེལ་རྒྱས་ཕྱིན་ཡོད། ཡུལ་སྐོར་བ་ཚོས་དེར་ཡོང་ནས་པར་རྒྱག་ཆོག་པ་མ་ཟད། ད་དུང་བོད་ཁྱིམ་འབྲོག་པའི་འཚོ་བ་ཉམས་ལེན་བྱས་ནས་བོད་རིགས་ཀྱི་གྱོན་ཆས་གྱོན་ཏེ་རྟ་བཞོན་ནས་མེ་ཏོག་གི་ཞིང་ཁམས་བསྐོར་བ་དང་འཁོར་ཆུང་བཏང་ནས་རྩྭ་ཐང་དུ་ཡང་བསྐྱོད་ཆོག
     “དེ་སྔ་གྲོང་མིའི་ཡོང་འབབ་གཙོ་བོ་ནི་ཕྱུགས་འཚོ་བ་དང་ཞིང་འདེབས་པ་ལས་བྱུང་བ་ཡིན་པས་ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། གསལ་ལའི་མེ་ཏོག་ཞིང་ཁམས་ཀྱི་རླངས་འཁོར་འཇོག་སའི་ཁུལ་དུ་ཁྱད་ལྡན་དྲན་རྟེན་དངོས་རྫས་འཚོང་སྐབས་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ཉིན་གཅིག་ལ་སྒོར་ཆིག་སྟོང་ཙམ་རག་གི་འདུག ད་ཆ་འགྲོ་ལམ་ཤར་གཏོང་ཐུབ་པ་དང་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བས་གྲོང་མི་ཚོ་རང་ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་ཐུབ་སྟེ། དབྱར་རྩྭ་དགུན་འབུ་དང་བེ་ཤ་ཡང་རང་ཡུལ་ནས་ཡུལ་སྐོར་བར་འཚོང་ཐུབ་ཀྱི་འདུག”ཅེས་ལོ་26ལ་སླེབས་པའི་སྐར་ཐང་གྲོང་རྡལ་དཔལ་གྲོང་གྲོང་ཚོའི་གྲོང་མི་དཀོན་མཆོག་ཚེ་རིང་གིས་བཤད།
     གསལ་ལའི་མེ་ཏོག་ཞིང་ཁམས་ནི་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོའི་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་པའི་བསྡུས་རིས་ཤིག་རེད། ཁྲོན་བོད་ལམ་ཐིག་ལ“ཀྲུང་གོའི་ཡུལ་ལྗོངས་མཛེས་ཤོས་ཀྱི་ལམ་ཆེན”གྱི་མཚན་སྙན་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་སི་ཁྲོན་གྱིས་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བར་བརྟེན་སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོའི་གཞུང་ལམ་ལམ་རྒྱུད་ཀྱི་ཤང་གྲོང་དང་གྲོང་ཚོ་འབོར་ཆེན་ལ“ཡུལ་སྐོར་གྱི་ཡོང་འབབ”རག་ནས་གྲོང་གསེབ་དར་རྒྱས་ཐད་དམ་འཛིན་བྱ་གཞི་གསར་པ་ཞིག་བྱུང་ཡོད།
     G318ཀྱི་དར་མདོ་ནས་འབའ་ཐང་(ཁྲོན་བོད་ས་མཚམས)བར་དང་G227གྱི་ལི་ཐང་ནས་འདབ་པའི་ཉིན་སྟེང་བར་གྱི་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་གྲགས་ཅན་ལམ་ཐིག་དེ་གཉིས་ལ་དམིགས་ཏེ། ཉེ་ཆར་སི་ཁྲོན་གྱིས་ཞབས་ཞུའི་སྒྲིག་བཀོད་མཐོར་གཏོང་ལས་གྲྭ་དངོས་སུ་ལག་བསྟར་བྱས་ནས་2024ལོའི་ལོ་མཇུག་གོང་ལམ་རྒྱུད་ཀྱི་སྤྱི་པའི་གསང་སྤྱོད་དང་། གློག་གསོག་སྣུམ་སྣོན། གློག་ཤུགས་འཕྲིན་གཏོང་སོགས་སྒྲིག་བཀོད་ཀྱི་ཞབས་ཞུའི་ནུས་པ་དང་ཆུ་ཚད་ལེགས་སུ་དང་མཐོ་རུ་བཏང་སྟེ་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་འདེགས་སྐྱོར་སྔར་བས་ཡག་པོ་མཁོ་འདོན་བྱ་རྒྱུ་རེད།
     སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འབྲེལ་ཡོད་འགན་འཁུར་བས། ས་མཐོའི་སྐྱེ་ཁམས་དང་། གནམ་དཔྱད་དང་གནའ་རྫས་རྟོག་ཞིབ། རི་ཁུལ་དང་ཕྱི་རོལ་གྱི་སྤྲོ་གསེང་། བོད་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་བརྗོད་དོན་གཙོ་བོའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། ཡུལ་བབ་དང་བསྟུན་ནས་རྩེར་སོན་ཡུལ་སྐོར་མཛེས་ལྗོངས་དང་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ལམ་བུ་ཁག་གཅིག་བཏོད་དེ་མཛེས་ལྗོངས་དང་ཐོན་ལས་མཉམ་འདྲེས་ཀྱིས་ས་གནས་དེ་གའི་མི་སེར་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་བརྗོད།