འཚོལ་བཤེར།   
藏文频道
2023ལོའི་ཟླ་9ཚེས་14ཉིན།

༄༅།།རྒྱལ་ཁབ་འདིས་ཀྲུང་གོའི་ཡུལ་སྐོར་བར་ཟླ་5རིང་ཐོངས་མཆན་འགོད་མི་དགོས་པ་བཟོས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་14ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱལ་ཁབ་འདིས་ཀྲུང་གོའི་ཡུལ་སྐོར་བར་ཟླ་5རིང་ཐོངས་མཆན་འགོད་མི་དགོས་པ་བཟོས།
   ཐེ་ལན་གྱི་ཙུང་ལི་སའེ་ཐ་·ཐཱ་ཝེ་ཞིན་གྱིས་ཟླ་9ཚེས་13ཉིན་ཡོངས་བསྒྲགས་བྱས་དོན་དུ།  ཟླ་9ཚེས་25ཉིན་ནས་བཟུང་། ཐེ་ལན་གྱིས་ཀྲུང་གོའི་ཡུལ་སྐོར་བར་དུས་ཡུན་ཟླ་5ཙམ་རིང་ཐོངས་མཆན་འགོད་མི་དགོས་པའི་ལམ་ལུགས་ལག་ལེན་བསྟར་རྒྱུ་ཡིན་པ་རེད། ཉིན་དེར། སའེ་ཐ་ཡིས་ནང་བློན་ཁང་གི་ཚོགས་འདུའི་རྗེས། སྨྱན་སྦྱོར་ཚན་པར་ཐེ་ལན་གྱིས་ཟླ་འདིའི་ཚེས་25ཉིན་ནས་2024ལོའི་ཟླ་2ཚེས་29ཉིན་བར། ཀྲུང་གོའི་ཡུལ་སྐོར་བར་ཐོངས་མཆན་འགོད་མི་དགོས་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 
འདི་ནི་ཟླ་6ཚེས་16ཉིན་ཡུལ་སྐོར་བས་ཐེ་ལན་གྱི་པང་ཁོག་ཀྲེན་ཝང་ལྷ་ཁང་གི་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ་རེད། 
【1】  【2】
༄༅།།རྒྱལ་ཁབ་འདིས་ཀྲུང་གོའི་ཡུལ་སྐོར་བར་ཟླ་5རིང་ཐོངས་མཆན་འགོད་མི་དགོས་པ་བཟོས།