༄༅།།རྒྱ་མཚོའི་དྲོད་ཁྱད་ནུས་པར་བརྟེན་ནས་གློག་གཏོང་བའི་ཐད་ཚད་བརྒལ་གསར་པ་བྱུང་བ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་13ཉིན། 09:47】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ནི་རྒྱ་མཚོའི་དྲོད་ཁྱད་ནུས་པར་བརྟེན་ནས་གློག་གཏོང་ཐུབ་པའི་སྒྲིག་ཆས་བླུགས་པའི“རྒྱ་མཚོའི་ས་གཤིས་ཨང་གཉིས་པ་རྟགས་ཅན”གྲུ་གཟིངས་ཀྱིས་མཚོ་ཐོག་ཚོད་ལྟའི་ལས་དོན་གྱི་དུས་འགོའི་གྲ་སྒྲིག་ལས་དོན་སྤེལ་བཞིན་པ།
འདི་ག་ཚགས་པར་ཁང་དུ་ཀོང་ཀྲོའུ་ནས་ཟླ་9ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀོང་ཀྲོའུ་རྒྱ་མཚོའི་ས་གཤིས་བརྟག་དཔྱད་ཅུས་ཀྱིས་སྣེ་ཁྲིད་དེ་ཞིབ་འཇུག་གསར་སྤེལ་བྱས་པའི་རྒྱ་མཚོའི་འཕྱོ་གཡེང་རྣམ་པའི་དྲོད་ཁྱད་ནུས་པར་བརྟེན་ནས་གློག་གཏོང་སྒྲིག་ཆས་ཐོག་མ་གྲུབ་འབྲས་ཐོབ་པའི་ངང་མཚོ་ཐོག་ཚོད་ལྟ་ལེགས་སྒྲུབ་བྱས་ཡོད། འདི་ནི་རང་རྒྱལ་གྱིས་རྒྱ་མཚོའི་གནས་ཚུལ་དངོས་ཀྱི་ཆ་རྐྱེན་འོག་རྒྱ་མཚོའི་དྲོད་ཁྱད་ནུས་པར་བརྟེན་ནས་གློག་གཏོང་ཐུབ་པའི་རྩ་བའི་རིགས་པ་ར་སྤྲོད་ཐུབ་པ་དང་ལས་གྲྭ་ཅན་གྱི་འཁོར་སྐྱོད་ཐོག་མ་ཐུབ་པ་རེད།
རྒྱ་མཚོའི་དྲོད་ཁྱད་ནུས་པ་ནི་རྒྱ་མཚོའི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་གྲས་ཤིག་ཡིན་པ་དང་། དེ་ནི་རྒྱ་མཚོའི་ངོས་དང་གཏིང་དབར་གྱི་དྲོད་ཚད་ཧེ་བག་ལས་གྲུབ་པའི་ཚ་ནུས་ལ་ཟེར་བ་དང་། གསར་སྤེལ་གྱི་རིན་ཐང་དང་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། ཟླ་8པར།“རྒྱ་མཚོའི་ས་གཤིས་ཨང་གཉིས་པ་རྟགས་ཅན”གྲུ་གཟིངས་ཀྱིས་སྒྲིག་ཆས་དེ་བླུགས་ནས་རང་རྒྱལ་གྱི་ལྷོ་རྒྱ་མཚོའི་གཏིང་ཚད་སྨི་1900ཡི་མཚོ་ཁོངས་སུ་མཚོ་ཐོག་ཚོད་ལྟ་ཐེངས་དང་པོ་བྱས་པ་དང་ཚོད་ལྟའི་གློག་གཏོང་བའི་དུས་ཡུན་ཆུ་ཚོད་4ལྷག་ཙམ་ཟིན་པ། གློག་གཏོང་ཚད་ཆེ་ཤོས་ཆན་ཝ་16.4ཟིན་ནས་ནུས་ལྡན་གློག་གཏོང་བེད་སྤྱོད་བྱེད་ཚད་17.7%ཟིན་ཡོད་པ་རེད།
