འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

ཞི་ཅིན་ཕིང་གིས་འབུམ་ཤོག་ཆེ་མོ་78པར་གཟིགས་ཞིབ་གནང་ནས་ནན་བཤད་གནང་དོན།

༄༅།།འབུམ་ཤོག་ཆེ་མོ་འཛུགས་སྐྱོང་དོ་དམ་དང་དམག་འཐབ་བཀོལ་སྤྱོད་བྱེད་ཐབས་གསར་གཏོད་བྱས་ཏེ་དཔུང་
སྡེའི་དམག་གྲབས་དམག་རྒྱག་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་12ཉིན། 09:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་9ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འབུམ་ཤོག་ཆེ་མོ་78པར་གཟིགས་ཞིབ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པ།
ཟླ་9ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འབུམ་ཤོག་ཆེ་མོ་78པར་གཟིགས་ཞིབ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པ།
    ཤིན་ཧྭ་གསར་འགྱུར་ཁང་ཧར་པིན་ནས་ཟླ་9ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འབུམ་ཤོག་ཆེ་མོ་78པར་གཟིགས་ཞིབ་གནང་ནས་དུས་རབས་གསར་པར་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་མཛད་ཕྱོགས་ལག་བསྟར། འབུམ་ཤོག་ཆེ་མོ་འཛུགས་སྐྱོང་དོ་དམ་དང་དམག་འཐབ་བཀོལ་སྤྱོད་བྱེད་ཐབས་གསར་གཏོད། དཔུང་སྡེའི་དམག་གྲབས་དམག་རྒྱག་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱིས་སྤྲད་པའི་འགན་འཁྲི་དང་ལས་འགན་ཧུར་ཐག་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།
    སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡི་ཐོག ཞི་ཅིན་ཕིང་འབུམ་ཤོག་ཆེ་མོ་78པའི་ལས་ཁུངས་སུ་ཕེབས་པ་དང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་འབུམ་ཤོག་ཆེ་མོའི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་སྟེ་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
   ཞི་ཅིན་ཕིང་གིས་དང་ཐོག་ཉེ་དུས་རང་རྒྱལ་གྱི་ཧྭ་བྱང་དང་བྱང་ཤར་སོགས་ས་ཁུལ་དུ་དྲག་ཆར་བབས་ནས་ཆུ་ལོག་དང་ཞོད་སྐྱོན་གྱི་ས་གཤིས་གནོད་འཚེ་ཚབས་ཆེན་ཕོག་ཡོད། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་བཀའ་འབྱོར་མ་ཐག་གནོད་འཚེ་ཁུལ་དུ་བསྐྱོད་པ་མ་ཟད། འགན་འཁྲི་ལྕི་པོ་དང་དུ་བླངས་ནས་འབྲུབ་འགོག་དང་ཆུ་ལོག་གེགས་སེལ་ལས་དོན་ནང་མགྱོགས་མྱུར་ཞུགས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པས། འཕྲལ་སྒྲུབ་རུ་ཁག་གི་ནུས་པ་འདོན་སྤེལ་ཡག་པོ་བྱུང་བ་དང་མི་དམངས་བུ་ཕྲུག་དམག་གི་གཟུགས་བརྙན་བཟང་པོ་མངོན་པར་བྱས་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་འབུམ་ཤོག་ཆེ་མོ་78པ་ལེགས་སྒྲིག་བྱས་ནས་བཙུགས་ཚུན་གྱི་དཔུང་སྡེའི་འཛུགས་སྐྲུན་དང་ལས་འགན་སྒྲུབ་ཚུལ་ལ་གདེང་འཇོག་གནང་ཞིང་། ཁོང་གིས་དམག་དོན་འཐབ་རྩོད་གྲ་སྒྲིག་གི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས་ན། ཚན་པའམ་རིགས་སྣ་ལྕི་ལ་དཀའ་གནད་ཆེ་བའི་ཆེད་སྦྱོང་ཞིབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྤུས་ཚད་གསར་པའི་འཐབ་ནུས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁོངས་གཏོགས་ཀྱི་དམག་འཐབ་སྟོབས་ཤུགས་དང་། དམག་འཐབ་སྡེ་ཚན། དམག་འཐབ་ཀྱི་གཞི་རྒྱུ་གཙོ་བོ་བཅས་མཉམ་འདྲེས་འདུས་གྲུབ་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་འབྲེལ་དམག་འཐབ་མ་ལག་ནང་མཉམ་འདྲེས་ནུས་ལྡན་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས་དཔུང་སྡེའི་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་དམག་ཡོངས་ཀྱི་ཏང་འཛུགས་སྐྱོང་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རིམ་ཁག་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་ཆེ་རུ་གཏོང་བ་དང་། རྒྱུན་སྲིང་ལྷོད་མེད་ངང་གཞི་རིམ་དམ་འཛིན་དང་རྨང་གཞི་འདིང་བ་དང་དཔུང་སྡེའི་སློབ་གསོ་དང་དོ་དམ་ནན་དུ་བཏང་ནས་དཔུང་སྡེ་ཚད་མཐོའི་གཅིག་སྡུད་གཅིག་གྱུར་དང་བདེ་འཇགས་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ཏེ། དཔུང་སྡེའི་འཕེལ་རྒྱས་ཀྱི་འཇུར་མིག་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་རང་འགུལ་ངང་དཔོན་དམག་གི་སེམས་ཁྲལ་དང་དཀའ་ངལ་ཧུར་ཐག་བསལ་ནས་འབུམ་ཤོག་ཆེ་མོ་འཛུགས་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་གསུངས་པ་རེད།