འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིས་ཧྭ་ཝེ་ཁ་པར་གསར་པར་བརྟག་དཔྱད་བྱས་པའི་ཐད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་11ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་9ཚེས་8ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་རྒྱུན་གཏན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
     གསར་འགོད་པ་ཞིག་གིས། ཨ་རིའི་སྲིད་གཞུང་གིས་ཧྭ་ཝེ་ཡི་ཁ་པར་གསར་པའི་ཉིང་ལྷེབ་ལ་བརྟག་དཔྱད་བྱེད་མགོ་བརྩམས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 
     མའོ་ཉིང་གིས་བཤད་དོན། ང་ཚོས་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ་གྱི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བར་ངོ་རྒོལ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་གོ་དོན་གང་བྱུང་དུ་སྤྱོད་པ་དང་སྤྱི་ཁྱབ་ཅན་དུ་འགྱུར་བར་ངོ་རྒོལ་བྱེད་རྒྱུ། ཨ་རིས་རྒྱལ་ཁབ་ཀྱི་སྟོབས་ཤུགས་གང་བྱུང་དུ་སྤྱད་དེ་རྒྱུ་མཚན་མེད་པར་ཀྲུང་གོའི་ཁེ་ལས་ཀྱི་མགོ་གནོན་པ་དང་། རང་མོས་ཉོ་ཚོང་གི་རྩ་དོན་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་དང་འགལ་བ། འཛམ་གླིང་ཡོངས་ཀྱི་ཐོན་སྐྱེད་དང་མཁོ་སྤྲོད་མུ་ཕྲེང་བརྟན་པོ་ཡོང་བར་གཏོར་བཤིག་གཏོང་བ། གཞན་ལ་གནོད་ཅིང་རང་ལ་མི་ཕན་པ་བྱེད་ཀྱི་ཡོད། ངས་ནན་བཤད་བྱེད་འདོད་པ་ནི། བཀག་སྡོམ་དང་། མགོ་གནོན་པ་ཡིས་ཀྲུང་གོ་འཕེལ་རྒྱས་འགྲོ་བར་བཀག་འགོག་བྱེད་མི་ཐུབ་པ་མ་ཟད། ཀྲུང་གོའི་རང་ཚུགས་རང་འབད་དང་ཚན་རྩལ་གསར་གཏོད་ཀྱི་ཆོད་སེམས་དང་ནུས་པ་ཇེ་ཆེར་འགྲོ་ངེས།