འཚོལ་བཤེར།   
藏文频道
2023ལོའི་ཟླ་9ཚེས་11ཉིན།

༄༅།།སློབ་མ་གཉིས་ཀྱིས་སྒྱོགས་མདེལ་བསྔོགས་འདོན་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་11ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སློབ་མ་གཉིས་ཀྱིས་སྒྱོགས་མདེལ་བསྔོགས་འདོན་བྱས་པ།
    ཟླ་9ཚེས་7ཉིན་གྱི་ཆུ་ཚོད་12ཙམ། ཨན་ཧུའེ་ཞིང་ཆེན་ཐུང་ལིན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཆེད་འགན་ཉེན་རྟོག་ཡན་ལག་རུ་ཁག་གི་འབར་གས་འབུད་སེལ་རུ་ཆེན་ལ་ཉེན་བརྡ་འབྱོར་དོན། དབྱི་ཨན་ཆུས་ཀྱི་སློབ་གྲྭ་ག་གེ་མོ་ཞིག་གི་སློབ་མས་སྒྱོགས་མདེལ་འདྲ་པོ་ཞིག་རྙེད་པ་བཤད། 
   འབར་གས་འབུད་སེལ་རུ་མིས་འཕྲལ་མར་ཆེད་ལས་སྒྲིག་ཆས་འཁྱེར་ནས་ཡུལ་དངོས་སུ་བསྐྱོད། བརྟག་དཔྱད་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ཤེས་རྟོགས་བྱུང་བར། ཉིན་དེའི་ཉིན་གུང་། སློབ་མ་གཉིས་ཉིན་གུང་ངལ་གསོའི་དུས་ཚོད་ནང་སྡོང་ར་ཞིག་ནསརྩེད་མོ་རྩེ་སྐབས་་སྒྱོགས་མདེལ་དེ་རྙེད་པ་དང་། དེ་རྗེས་སློབ་མ་དེ་གཉིས་ཀྱིས་མཉམ་དུ་སྒྱོགས་མདེལ་ས་ནས་བཏོན་ཞིང་ཐོག་བརྩེགས་བཞི་པའི་སློབ་གཙོའི་གཞུང་ལས་ཁང་དུ་འཁྱེར། དགེ་རྒན་གྱིས་དེ་རྟོགས་འཕྲལ་ཉེན་བརྡ་ཞུས་པ་རེད། 
   ཞིབ་འཇུག་བརྡར་གཅོད་བྱས་པ་བརྒྱུད། སྒྱོགས་མདེལ་དེ་ནི་དམག་འཁྲུག་སྐབས་ཀྱི་མཐོ་འཕེན་མེ་སྒྱོགས་ཤུལ་དུ་ལུས་པ་ཡིན་པ་དང་། སྒྱོགས་མདེལ་གྱི་ཕྱིའི་རྣམ་པ་ཆ་ཚང་ཞིང་ཡི་གེ་ཡང་གསལ་པོ་ཡོད་པ། མེ་རྟ་ཡང་ཆ་ཚང་ཡོད་པས་ཉེན་ཁ་ཅུང་ཆེན་པོ་ལྡན་པ་རྟོགས།
   འབར་གས་དང་འབྲེལ་བ་ཡོད་པའི་ཡུལ་དངོས་ཚད་ལྡན་སྒོས་ཐག་གཅོད་བྱེད་པའི་བརྒྱུད་རིམ་གཞིར་བཟུང་ནས། མི་དམངས་ཉེན་རྟོག་པས་འཕྲལ་མར་སློབ་ཁྲིད་ཐོག་ཁང་ནང་གི་དགེ་སློབ་བརྒྱ་ལྷག་ཙམ་ཁ་འགྲེམ་བཏང་བ་དང་། ལུས་ལ་འབར་གས་འབུད་སེལ་གྱོན་ཆས་གྱོན་ནས་སྒྱོགས་མདེལ་དེ་ཐོག་བརྩེགས་བཞི་པ་ནས་བདེ་འཇགས་ས་གནས་སུ་བསྐྱལ་བ་རེད། 
   ཐག་གཅོད་བྱས་ཚར་རྗེས། སློབ་མའི་ཁྲིད་སྟོན་འོག་འབར་གས་འབུད་སེལ་རུ་མི་སྒྱོགས་མདེལ་རྙེད་སའི་ས་ཆར་ཡོང་ནས། ད་དུང་སྒྱོགས་མདེལ་ཡོད་མེད་ལ་ཞིབ་བཤེར་ཞིབ་ཕྲ་བྱས་ནས། བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་སྔར་བས་སེལ་བ་དང་། མ་ཟད་སློབ་གྲྭའི་དགེ་སློབ་ལ་འབར་གས་དངོས་རྫས་དང་འབྲེལ་བའི་བདེ་འཇགས་སློབ་གསོ་བཏང་བ་རེད།