༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡའི་དབུས་རྒྱུད་ཀྱི་མཉམ་ལས་གླེང་སྟེགས་སྐབས་བཅུ་པར་
རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་11ཉིན། 09:43】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡའི་དབུས་རྒྱུད་ཀྱི་མཉམ་ལས་གླེང་སྟེགས་སྐབས་བཅུ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཤེ་ཡའི་དབུས་རྒྱུད་ཀྱི་མཉམ་ལས་གླེང་སྟེགས་བཙུགས་ཚུན་དེའི་གཞི་ཁྱོན་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཀྲུང་གོས་ཨེ་ཤེ་ཡའི་དབུས་རྒྱུད་ཀྱི་རྒྱལ་ཁབ་ལྔ་དང་མཉམ་དུ་གླེང་སྟེགས་འདི་བརྒྱུད་མཉམ་ལས་དོན་གཉེར་དང་འཕེལ་རྒྱས་མཉམ་སྤྱོད་བྱས་ནས། ཕན་ཚུན་དབར་གྱི་སྲོལ་རྒྱུན་མཛའ་གཅུགས་དང་རྒྱུས་མངའ་ལོན་ཚད་ཟབ་ཏུ་བཏང་སྟེ། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་དང་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པའི་ལེའུ་གསར་པ་བརྩམས་ཡོད།
ཞི་ཅིན་ཕིང་གིས། འདི་ལོ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་ངོ་10འཁོར་བའི་ལོ་ཡིན་པས། ཀྲུང་གོས་ཨེ་ཤེ་ཡའི་དབུས་རྒྱུད་ཀྱི་རྒྱལ་ཁབ་ཁག་དང་ལྷན་དུ“རྒྱུད་གཅིག་ལམ་གཅིག”སྐྲུན་པའི་མཉམ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་གྲལ་དུ་སླེབས་པར་བྱས་ཡོད། འདི་ལོའི་ཟླ་ལྔ་པར། ཀྲུང་གོ་དང་ཨེ་ཤེ་ཡའི་དབུས་རྒྱུད་ཀྱི་དབུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བར་ཀྲུང་གོ་དང་ཨེ་ཤེ་ཡའི་དབུས་རྒྱུད་ཀྱི་རྒྱལ་ཁབ་དབར་གྱི་འབྲེལ་བ་དུས་རབས་གསར་པར་སླེབས་ཡོད། དུས་བབ་གསར་པའི་འོག ཀྲུང་གོ་དང་ཨེ་ཤེ་ཡའི་དབུས་རྒྱུད་ཀྱི་མཉམ་ལས་ལ་མདུན་ལམ་ཆེན་པོ་ལྡན་ལ་གྲུབ་འབྲས་ཀྱང་ཆེན་པོ་འཐོབ་ངེས་རེད། ཕྱོགས་ཁག་གིས་ཀྲུང་གོ་དང་ཨེ་ཤེ་ཡའི་དབུས་རྒྱུད་ཀྱི་མཉམ་ལས་གླེང་སྟེགས་སྐབས་བཅུ་པ་གོ་སྐབས་སུ་བཟུང་ནས། གླེང་སྟེགས་ཀྱི་ལས་སྟེགས་ནུས་པ་གང་ལེགས་བཏོན་ཐོག་ཕན་ཚུན་སློབ་སྦྱོང་དང་མིག་ལྟོས་བྱེད་ཤུགས་ཆེ་རུ་བཏང་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཨེ་ཤེ་ཡའི་དབུས་རྒྱུད་ཀྱི་རྒྱལ་ཁབ་ཁག་དབར་གྱི་འབྲེལ་བར་གཡུར་དུ་ཟ་བའི་གྲུབ་འབྲས་སྔར་བས་མང་པོ་ཐོབ་པར་སྐུལ་འདེད་གཏོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད།
