༄༅།།ཟི་ལིང་གནམ་ཐང་T3གནམ་ཐང་བབས་ཚུགས་རྣམ་གྲངས་ཀྱི་ངར་ལྕགས་ཀྱི་ཐོག་འགེབས་བཞིན་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་09ཉིན། 19:07】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་བཟོ་པ་ཚོས་ཟི་ལིང་གནམ་ཐང་གི་T3གནམ་ཐང་བབས་ཚུགས་ཀྱི་ཤར་ངོས་བར་ཁྱམས་ཀྱི་ཕྱིར་ལས་ཀ་བྱེད་བཞིན་པ།
མཚོ་སྔོན་ཞིང་ཆེན་གྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་མཉམ་འདྲེས་གཏིང་ཟབ་བྱེད་པའི་གཙོ་གནད་ལས་གྲྭ་ཞིག་ཡིན་པའི་ཟི་ལིང་གནམ་ཐང་གི་དུས་ཐེངས་གསུམ་པའི་རྒྱས་སྐྲུན་ལས་གྲྭའི་T3གནམ་ཐང་བབས་ཚུགས་གསར་སྐྲུན་གྱི་ངར་ལྕགས་ཀྱི་ཐོག་འགེབས་བཞིན་ཡོད་ལ། ལས་གྲྭ་དེ་ཉེ་ཆར་མཛེས་བཟོའི་ལས་རིམ་དུ་སླེབས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཟི་ལིང་གནམ་ཐང་གི་དུས་ཐེངས་གསུམ་པའི་རྒྱས་སྐྲུན་ལས་གྲྭ་ནི་མཚོ་སྔོན་དམངས་སྤྱོད་མཁའ་འགྲུལ་གྱི་ལོ་རྒྱུས་ཐོག་མ་དངུལ་གཏོང་མང་ཤོས་དང་འཛུགས་སྐྲུན་གཞི་ཁྱོན་ཆེ་ཤོས་ཀྱི་རྣམ་གྲངས་ཤིག་རེད་ལ། རྣམ་གྲངས་དེ་2025ལོར་སྤྱོད་ཐུབ་རྒྱུ་རེད།