འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀུ་ཤུ་ཁ་པར་གསར་པ་བཙོང་མཚམས་འཇོག་རྒྱུ་ཡིན་ནམ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་08ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཉེ་ཆར་སྤྱི་ཚོགས་འབྲེལ་བའི་སྟེགས་བུ་མང་པོ་ཞིག་གིས་ཀྲུང་གོ་སྒུལ་བདེ་ཀུང་སིས་iPhoneབཙོང་མཚམས་འཇོག་གི་ཡོད་པ་དང་། ཀུ་ཤུ་ཀུང་སིས་ཚོང་རར་ཐོན་ཉེར་ཡོད་པའི་iPhone15རྟགས་ཅན་ཡང་མུ་མཐུད་གན་རྒྱ་བཞག་ནས་ཕྱིར་ཚོང་བྱེད་མི་སྲིད་པའི་གཏམ་སྒྲོག་བཞིན་འདུག 
   ཚེས་7ཉིན། གསར་འགོད་པས་ཀྲུང་གོ་སྒུལ་བདེ་ཚོགས་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན། གོང་གསལ་གྱི་གནས་ཚུལ་ཚང་མ་ཆ་འཕྲིན་རྫུན་མ་ཡིན་པ་དང་། ཀུ་ཤུ་ཚང་གི་ཐོན་ཉེར་ཡོད་པའི་iPhone15ཡང་ཀྲུང་གོ་སྒུལ་བདེས་མུ་མཐུད་མཉམ་ལས་བྱས་ནས་འཚོང་རྒྱུ་ཡིན་པ་བཤད།