༄༅།།བོད་ཀྱི་གློག་བརྙན《གསའ》རྒྱལ་སྤྱིའི་གཟིཊ་འབུལ་ཐོག་མ་བྱས།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 09ཚེས་08ཉིན། 14:12】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

དབྱི་ཐ་ལིའི་ས་གནས་དེ་གའི་ཟླ་9ཚེས་6ཉིན། ཀྲུང་གོའི་བོད་ཀྱི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་གནང་བའི་གློག་བརྙན《གསའ》ཝེ་ནེ་སི་ལི་ཏུའུ་གླིང་ཕྲན་གྱི་གློག་བརྙན་ཕོ་བྲང་དུ་རྒྱལ་སྤྱིའི་གཟིགས་འབུལ་ཐོག་མ་བྱས་པ་རེད།
པདྨ་ཚེ་བརྟན་ནི་1969ལོའི་ཟླ་12པར་མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྐྱེས། བོད་ཀྱི་འཁྲབ་ཁྲིད་པ་ཞིག་ཡིན་པའི་ཆ་ནས། པདྨ་ཚེ་བརྟན་གྱིས་བོད་ཀྱི་རིག་གནས་དང་དེང་རབས་ཀྱི་གློག་བརྙན་ཟུང་འབྲེལ་ཐད་ནས་འབད་བརྩོན་བྱས་ཏེ། ལྟད་མོ་བར་ཚེ་སྲོག་དང་། མི་གཤིས། དད་མོས་སོགས་བརྗོད་དོན་ཟབ་མོའི་བསམ་གཞིག་མང་པོ་སྤྲད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 《གསའ》ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན《ཐར་ལོ》དང《ལག་དམར》《དབུགས་ལྒང》བཅས་ཀྱི་རྗེས་སུ་ཝེ་ནེ་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ལ་ཚུད་པའི་བརྩམས་ཆོས་བཞི་པ་རེད། གློག་བརྙན་ནང་གོ་ལ་ཧྲིལ་པོའི་སྟོངས་ལ་ཉེ་བའི་སྲོག་ཆགས་གསའ་ཡིས་འབྲོག་པའི་ལུག་དགུ་བསད་པ་དེ་གཏམ་རྒྱུད་ཀྱི་རྒྱབ་ལྗོངས་བྱས་ནས། མི་མི་འདྲ་བས་གསའ་ཡིས་ལུག་བསད་པའི་ལྟ་སྟངས་དང་ཀུན་སློང་ལ་དཔྱད་བསྡུར་བྱས་པ་དང་། ལུག་རར་ཁེགས་པའི་གསའ་གློད་མིན་ཐད་ཚང་མར་རང་ཉིད་ཀྱི་གདམ་ག་དང་རེ་འདུན་ཡོད་ལ། ལྟོས་ཚོད་ཀྱིས་ལུགས་མཐུན་གྱི་རེ་ཞུ་དེ་ཡང་ཕྱོགས་མང་པོའི་འགལ་བ་ཛ་དྲག་ཏུ་འགྲོ་བའི་མེ་སྟག་ལྟ་བུར་གྱུར་ཡོད་པའི་གཏམ་རྒྱུད་ཅིག་བརྗོད་ཡོད།
གློག་བརྙན《གསའ》ནི་མཚོ་སྔོན་ཞིང་ཆེན་རྨ་སྟོད་རྫོང་གི་སྟོང་རི་མཚོ་རྒན་དུ་བརྙན་ཕབ་བྱས་ཤིང་། ཡུལ་དེའང་གསའ་སོགས་སྟོངས་ལ་ཉེ་བའི་དངོས་རིགས་ཀྱི་འཚོ་སྡོད་བྱ་ཡུལ་ཡིན།
གཟིགས་འབུལ་ཡོངས་བསྒྲགས་ཚོག་འདུའི་ཐོག པདྨ་ཚེ་བརྟན་གྱི་བུ་འཇིགས་མེད་འཕྲིན་ལས་ཀྱིས། ཕ་ལགས་ཀྱི་བརྩམས་ཆོས《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ནས《གསའ》ཡི་བར་དུ། བོད་རིགས་མང་ཚོགས་ཀྱི་རིག་གནས་དང་འཚོ་བ། དེ་བཞིན་དེང་རབས་དཔལ་ཡོན་གྱིས་དེའི་འཚོ་བ་དང་བསམ་གཞིག་བྱེད་སྟངས་ལ་འགྱུར་ལྡོག་དང་སིམ་འཛུལ། མཉམ་འདྲེས་བྱེད་ལུགས་བརྗོད་ཡོད་པའི་བཤད་ཡོད།
《གསའ》ནི་དངོས་ཡོད་དང་ངག་རྒྱུན་སྐོར་གྱི་གཏམ་རྒྱུད་ཅིག་ཡིན་ཞིང་། ལོ་ཟླའི་ཆུ་རྒྱུན་ཁྲོད་འགྱུར་བ་མེད་པའི་མི་གཤིས་ལ་ཚོད་བགམ་བྱེད་པ་མཚོན་པ་དང་། དེ་ནི་བྱམས་སྙིང་རྗེ་དང་སྤྱང་གྲུང་གི་མཚོན་རྟགས་ཤིག་ཡིན། 《གསའ》ཡང་པདྨ་ཚེ་བརྟན་གྱི་གློག་བརྙན་སྔོན་མ་དག་ལས་ཐོལ་བརྒལ་གསར་པ་ཞིག་ཡིན་ཞིང་། ལྟ་མཁན་པས་ཁ་དོག་མེད་པའི་ཁོར་ཡུག་ལས་དྲོད་ཀྱིས་བལྟམས་པའི་བརྩེ་བ་དང་རེ་བ་ཚོར་ཐུབ་ལ། འཁྲབ་ཁྲིད་པ་ཁོང་གིས་ཚེ་སྲོག་དང་འཛམ་གླིང་། དེ་བཞིན་བོད་ཀྱི་རིག་གནས་ལ་མྱོང་རོལ་བྱེད་སྟངས་གསར་པ་ཞིག་ཀྱང་ཡིན་སྲིད།
པདྨ་ཚེ་བརྟན་ནི་ཀྲུང་གོའི་བོད་ཀྱི་སྐད་གྲགས་ཆེ་བའི་འཁྲབ་འཁྲིད་པ་དང་རྩོམ་པ་པོ་ཡིན་ཞིང་། “ཀྲུང་གོའི་ལོ་བརྒྱའི་གློག་བརྙན་ལོ་རྒྱུས་ཁྲོད་བོད་ཀྱི་ཕ་སྐད་གློག་བརྙན་གྱི་སྲོལ་འབྱེད་མཁན”ཞེས་པའི་མཚན་སྙན་གནང་ཡོད། 2023ལོའི་ཟླ་5ཚེས་8ཉིན། པདྨ་ཚེ་བརྟན་ནད་གཞིའི་རྐྱེན་གྱིས་ཚེ་ལས་འདས་ཤིང་དགུང་ལོ་53རེད།
