འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་མང་རྫོང་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་རྫོང་འཛུགས་གཏོད་ཀྱི་མིང་ཐོའི་ནང་ཚུད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་08ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་9ཚེས་4ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོཌ་བྱུང་བར། ཞིང་ལས་གྲོང་གསེབ་པུས་ཉེ་ཆར《2023ལོའི་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་རྫོང་འཛུཌ་གཏོད་ཀྱི་མིང་ཐོའི་སྤྱི་བསྒྲགས》ཡོངས་བསྒྲགས་བྱས་ནས། པེ་ཅིང་གྲོང་ཁྱེར་ཕིང་ཀུའུ་ཆུས་སོགས་འདུན་ཞུ་ཚན་པ་100དེ་2023ལོའི་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་རྫོང་འཛུགས་གཏོད་ཀྱི་མིང་ཐོའི་ནང་འཇུག་རྩིས་ཡོད་པར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མང་རྫོང་དེའི་ནང་ཚུད་ཡོད་པ་རེད། དེ་ནི་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཐུའུ་རིགས་རང་སྐྱོང་རྫོང་གི་རྗེས་སུ་མིང་ཐོའི་ནང་ཚུད་པའི་མཚོ་སྔོན་ཞིང་ཆེན་གྱི་རྫོང་གཉིས་པ་རེད།
     ད་རེས་མང་རྫོང་འདི་ཉིད་འཛུགས་གཏོད་མིང་ཐོའི་ནང་ཚུད་པ་དེས་ས་གནས་དེ་གའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྔར་བས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་ཐུབ་རྒྱུ་མ་ཟད། གཙོ་གནད་ཁྱབ་ཁོངས་སུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཟམ་མི་ཆད་པར་ཐོན་ནས་ཞིང་ཆེན་ཡོངས་ཀྱི་རིགས་མཐུན་ས་ཁུལ་དང་གྲོང་གསེབ་ཀྱི་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་རེད།