འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱ་གར་གྱི་རྒྱལ་མིང་བརྗེ་རྒྱུ་ཡིན་ནམ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་07ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   རྒྱ་གར་གྱི་སྨྱན་སྦྱོར་ཚན་པ་མང་པོ་ཞིག་གིས་ཚེས་5ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། རྒྱ་གར་སྲིད་གཞུང་གིས་ཟླ་9ཚེས་18ནས་ཚེས་22ཉིན་བར་འཚོག་རྒྱུའི་གྲོས་ཚོགས་ཀྱི་དམིགས་བསལ་ཚོགས་འདུའི་ཐོག རྒྱ་གར་གྱི་དབྱིན་ཡིག་མིང་Indiaདེ་Bharat(པ་ལ་ཐེ)རུ་བསྒྱུར་རྒྱུའི་གྲོས་འགོ་ཞིག་དངོས་སུ་འདོན་རྒྱུ་དང་། ཚོགས་འདུའི་ཐོག་གྲོས་ཞིབ་ཀྱང་བྱ་རྒྱུ་ཡིན། 
   《དེང་གི་རྒྱ་གར》སོགས་རྒྱ་གར་གྱི་སྨྱན་སྦྱོར་གྱིས་རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་བརྒྱུད‘ རྒྱ་གར་གྱི་དབྱིན་ཡིག་མིང་དེ“པ་ལ་ཐེ”ཞེས་པར་བསྒྱུར་རྒྱུའི་འབོད་སྒྲ་ཉིན་བཞིན་མང་དུ་འགྲོ་བཞིན་ཡོད་ཅེས་བཤད་པ་རེད། རྒྱ་གར་གྱི་གཞུང་ཕྱོགས་ཀྱི་སྐད་ནི་ཧིན་རྡུ་སྐད་དང་དབྱིན་སྐད་ཡིན་ཞིང་། དབྱིན་ཡིག་ཏུ་རྒྱ་གར་གྱི་མིང་ནི་Indiaཟེར། འོན་ཀྱང་ཧིན་རྡུ་སྐད་དུ་Bharat(པ་ལ་ཐེ)ཟེར་གྱི་ཡོད། རྩ་ཁྲིམས་ཀྱི་གཏན་འབེབས་ལ་གཞིགས་ན། རྒྱ་གར་སྲིད་གཞུང་གིས་ངེས་པར་དུ་གྲོས་ཚོགས་ཁང་གཉིས་ཀའི་མང་ཕྱོགས་ཀྱི་འཐད་པ་བྱུང་རྗེས། གཞི་ནས་མིང་བསྒྱུར་རྒྱུའི་ལས་དོན་སྤེལ་ཆོག རྒྱ་གར་གྱི《དཔལ་འབྱོར་སྐབས་དོན་ཚགས་པར》ཐོག ཨ་སམ་མངའ་སྡེའི་དབུ་བཞུགས་པུའུ་ཀྲང་ཚུད་པའི་གཞུང་ཕྱོགས་མི་སྣ་གལ་ཆེན་མང་པོ་ཞིག་གིས་ཚེས་5ཉིན་དྲ་ཐོག་ཏུ་རྒྱ་གར་གྱི་དབྱིན་ཡིག་གི་རྒྱལ་མིང་དེ“པ་ལ་ཐེར”བསྒྱུར་རྒྱུར་རྒྱབ་སྐྱོར་ཡོད་ཅེས་བསྒྲགས་ཡོད།