འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱི་ཁེ་ལས་23ཚོགས་པ་སྒྲིག་ནས་2023ལོའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ལ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་07ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་9ཚེས་2ཉིན་2023ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་རྒྱལ་ས་པེ་ཅིང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་23ལས་གྲུབ་པའི་ཚོང་དོན་ཚོགས་པ་འགྲེམས་སྟོན་ལ་ཞུགས་པ་རེད།
     ཞབས་ཞུའི་ཚོང་དོན་ཚོང་འདུས་དེ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་རིམ་པ་དང་། རྒྱལ་སྤྱིའི་རང་བཞིན། ཕྱོགས་བསྡུས་རང་བཞིན་བཅས་ཀྱི་ཞབས་ཞུའི་ཚོང་དོན་ལས་སྟེགས་འབའ་ཞིག་དེ་ཡིན་པ་དང་། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་མིང་བྱང་གསར་པ་ཞིག་རེད། ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱི“སྒོ་དབྱེས་འཕེལ་རྒྱས་ལ་སྣེ་ཁྲིད་དང་མཉམ་ལས་ཀྱིས་འབྱུང་འགྱུར་ལ་གཉིས་ཁེ་ཡོང་བར་བྱེད་པའི”བརྗོད་དོན་གཙོ་བོར་དམིགས་ཏེ། མཚོ་སྔོན་གྱིས“ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང“དེ་བས་གལ་འགངས་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་གཞི་ཚུགས་ཏེ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པ་དང་ཐོན་ལས་ཀྱི“ས་ཁུལ་བཞི”བསྐྲུན་རྒྱུ་གཙོ་རྐང་དུ་བྱས་ནས། རྒྱལ་ཁབ་ཚོགས་འགྲེམས་ལྟེ་གནས་སུ་སྨི་ངོས་གྲུ་100ཡི་མཚོ་སྔོན་གྱི་གཟུགས་བརྙན་འགྲེམས་ཁུལ་བཙུགས་ནས་ཡི་གེ་དང་། པར་རིས། བརྙན་ལམ། དངོས་པོ་སོགས་ཀྱི་རྣམ་པ་བརྒྱུད། མཚོ་སྔོན་གྱི་འཕེལ་རྒྱས་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཏེ། ཞབས་ཞུའི་ཚོང་དོན་གྱི་དཔེ་མཚོན་ཁེ་ལས་འཕེལ་རྒྱས་དང་ལས་སྒོ་འཕེལ་རྒྱས་ཀྱི་གནས་ཚུལ་གཙོ་གནད་ཐོག་འགྲེམས་སྟོན་བྱས་པ་རེད།
     འདི་ལོ་མཚོ་སྔོན་གྱིས་འགྲེམས་ཞུགས་ཁེ་ལས་ལེགས་འདེམས་བྱས་ཤིང་། མཚོ་སྔོན་གྱི་གཟུགས་བརྙན་འགྲེམས་ཁུལ་དུ་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་20ལྷག་ཙམ་གྱི་འགྲེམས་རྫས་བརྒྱ་ལྷག་ཙམ་གཅིག་སྡུད་འགྲེམས་སྟོན་བྱས་པ་དང་། ཚྭ་ཁའི་ཐོན་ཁུངས་གསར་སྤེལ་ལག་རྩལ་དང་། ས་གཤིས་རྩད་ཞིབ་ལག་རྩལ། རྒྱལ་སྤྱིའི་དངུལ་རྩའི་ཞབས་ཞུ། གྲངས་འཛིན་ཆ་འཕྲིན་ཞབས་ཞུ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཞབས་ཞུ། དྲ་ཐོག་ཚོང་དོན། ཁྱད་ལྡན་ཐོན་རྫས་སོགས་ཁྱབ་ཁོངས་ལ་གཞི་ཚུགས་ནས་མཚོ་སྔོན་གྱི་ལེགས་ཆའི་ཐོན་ཁུངས་དང་། ཁྱད་ལྡན་ཐོན་ལས། ལག་རྩལ་བཅས་གཅིག་སྡུད་འགྲེམས་སྟོན་བྱས་པ་རེད། ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱི་ཉིན་ལྔའི་རིང་འགྲེམས་སྟོན་ནང་ཞུགས་མཁན་ཁེ་ལས་ཀྱིས་རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱིའི་རང་བཞིན་གྱི་དཔལ་འབྱོར་ཚོང་དོན་གྱི་རྩེར་སོན་ལས་སྟེགས་དེ་གང་ལེགས་སྤྱད་དེ་རྒྱལ་ཁབ་ཕྱི་ནང་གི་ཚོང་པ་དང་མཉམ་དུ་མཉམ་ལས་གཉིས་ཁེའི་གོ་སྐབས་གསར་པ་འཚོལ་ཞིབ་དང་རྣམ་གྲངས་འོས་སྦྱོར་གྱིས་མཉམ་ལས་ཀྱི་ཚོང་ལས་གོ་སྐབས་བཙལ་ཏེ་མཚོ་སྔོན་གྱི་ཞབས་ཞུའི་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།