འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2023ལོའི་ནོ་པེར་མཛད་སྒོའི་ཐོག་རྒྱལ་ཁབ་འདི་3ཞུཊ་མི་ཆོག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་05ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་2ཉིན། ནོ་པེར་ཐེབས་རྩ་ལྷན་ཚོགས་ཀྱིས། 2023ལོའི་ནོ་པེར་བྱ་དགའ་སྤྲོད་པའི་མཛད་སྒོར་ཨུ་རུ་སུ་དང་། བྷེ་ཨུ་རུ་སུ། སུའེ་ཏེན་དུ་བཅའ་སྡོད་དབྱི་རན་གྱི་གཞུང་ཚབ་ཆེན་མོ་བ་བཅས་གདན་འདྲེན་ཞུ་རྒྱུ་མིན་ཞེས་བཤད། 
     གནས་འཕྲིན་སྤེལ་བར་གཞིགས་ན། 2022ལོར་ཨུ་རུ་སུ་དང་། བྷེ་ཨུ་རུ་སུ། དབྱི་རན་བཅས་ཀྱི་ཕྱི་འབྲེལ་གཞུང་ཚབ་པ་ཚང་མ་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་ཞུགས་སུ་མ་བཅུག ཉེ་ཆར། ནོ་པེར་ཐེབས་རྩ་ལྷན་ཚོགས་ཀྱིས་སུའེ་ཏེན་དང་ནོར་ཝེ་རུ་ཕྱི་འབྲེལ་གཞུང་ཚབ་ཚོགས་པ་བཙུགས་ཡོད་པའི་རྒྱལ་ཁབ་ཚང་མ་2023ལོའི་ནོ་པེར་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་རྒྱུའི་གདན་འདྲེན་ཞུ་རྩིས་ཡོད་ཅེས་བཤད་པ་རེད། 
     2023ལོའི་ནོ་པེར་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཟླ་10པའི་ཟླ་འགོར་རིམ་པ་བཞིན་ཁྱབ་བསྒྲགས་བྱ་རྒྱུ་རེད། བྱ་དགའ་ཐོབ་མཁན་གྱིས་ཟླ་12ཚེས་10ཉིན་ནོ་པེར་བྱ་དགའ་སྲོལ་གཏོད་མཁན་ཨར་ཧྥུ་ལའེ་ཏེ་·ནོ་པེར་སྐུ་གཤེགས་ནས་ལོ་གཅིག་འཁོར་བར་དྲན་གསོ་ཞུ་བའི་མཛད་སྒོའི་ཐོག་བྱ་དགའ་ལེན་རྒྱུ་རེད།