འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱིས་གཞུང་ལམ་མང་པོ་བསྐྲུན་ནས་དམངས་འཚོར་ཕན་བཏགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་05ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཉེ་ཆར་རླངས་འཁོར་ཤར་གཏོང་ཐུབ་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་སྒོ་དམར་ཟམ་ཆེན་ཡིན་ཞིང་། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.8བཏང་བ་རེད།
འདི་ནི་ཉེ་ཆར་རླངས་འཁོར་ཤར་གཏོང་ཐུབ་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་སྒོ་དམར་ཟམ་ཆེན་ཡིན་ཞིང་། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.8བཏང་བ་རེད།
     ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་གང་མགྱོགས་འཐུས་ཚང་ཡོང་བར་བྱས་ནས་སྐྱེལ་འདྲེན་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཡོད། ན་ནིང་གི་ལོ་མཇུག་བར། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་8.77ཟིན་ནས་གྲོང་ཁྱེར་དང་ཀྲོའུ་ཚང་མ་དང་རྫོང་རིམ་པའི་སྲིད་འཛིན་ཁུལ་30ལ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྒྲིག་གཞི་ཚང་བའི་གྲོང་ཚོ་ཚང་མར་ཨར་འདམ་ལམ་དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ནས་མང་ཚོགས་ཕྱིར་བསྐྱོད་རྒྱུར་སྟབས་བདེ་བྱུང་བ་དང་གྲོང་གསེབ་དར་རྒྱས་ཡོང་བར་ནུས་པ་ཆེན་པོ་ཐོན་ཡོད།