འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོའི་འཆད་སྟེགས“དུས་རབས་གསར་པའི་བོད་ལྗོངས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། 
རིག་གནས་བཅས་འཕེལ་རྒྱས་ཀྱི་གྲུབ་འབྲས”ཉིང་ཁྲི་གྲོང་ཁྱེར་དུ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་04ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ཉིང་ཁྲི་ནས་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་1ཉིན་ཀྲུང་གོའི་ཨ་ཧྥེ་རི་ཁའི་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་ཀྲུང་གུང་ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུས་གཉེར་འགན་འཁུར་བའི“ཀྲུང་གོའི་འཆད་སྟེགས”ཉིང་ཁྲིར་སྤེལ་བ་རེད།
   སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“དུས་རབས་གསར་པའི་བོད་ལྗོངས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་འཕེལ་རྒྱས་ཀྱི་གྲུབ་འབྲས”ཞེས་པ་ཡིན་པ་དང་། ཚོགས་འདུ་དེ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། ལྷོ་ཨ་ཧྥེ་རི་ཁ་དང་། སི་ར་ལ་ཨོང་། ནི་ཀྲེ་རི་ཡ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་སྲིད་གཞུང་གི་དཔོན་རིགས་དང་། མཁས་དབང་། མཐོ་སློབ་ཀྱི་སློབ་མ་བཅས་མི་40ལྷག་ཙམ་དྲ་ཐོག་གི་ཚོགས་འདུར་ཞུགས་ཡོད། ཀྲུང་གོའི་ཨ་ཧྥེ་རི་ཁའི་ཞིབ་འཇུག་ཁང་དང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། ཉིང་ཁྲི་གྲོང་ཁྱེར་གྱི་ཐད་གཏོགས་སྡེ་ཚན་ཁག་བཅས་ཀྱི་མི་80ལྷག་ཙམ་ཉིང་ཁྲིའི་ཚོགས་ར་གཙོ་བོའི་ཚོཊ་འདུར་ཞུཊ་ཡོད། ཉིང་ཁྲི་ནི་ཀྲུང་གོའི་གདོད་མའི་ནགས་ཁུལ་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་པ་དང་། དེར་བོད་རིགས་གཙོས་རྒྱ་རིགས་དང་། མོན་པ། ལྷོ་པ་སོགས་མི་རིགས་35དང་ཏེང་པ་བཅས་ལས་གྲུབ་པའི་མི་རིགས་མང་པོའི་འདུས་སྡོད་ཁུལ་ཞིག་རེད། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་། ཀྲུང་གོ་ཨ་ཧྥེ་རི་ཁའི་ཞིབ་འཇུག་ཁང་། ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་བཅས་ནས་སླེབས་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་འགོ་ཁྲིད་4ཡིས་ཆེད་དོན་འཆད་ཁྲིད་བྱས་པ་རེད།
   སྐབས་འདིའི“ཀྲུང་གོའི་འཆད་སྟེགས”ལ་བོད་ཀྱི་གཟུགས་བརྙན་ཕྱོགས་ཡོངས་དང་ཇི་མ་ཇི་བཞིན་མངོན་པ་དང་། ཀྲུང་གོའི་བོད་ལྗོངས་ཀྱིས་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་སྤེལ་བ། ཀྲུང་གོའི་བློ་རིག་ལེགས་སྐྱེས་འབུལ་བ། ཀྲུང་ཧྥེ་ཕྱོགས་གཉིས་པོའི་སྤེལ་རེས་མཉམ་སྒུལ་ཟབ་ཏུ་གཏོང་བ་བཅས་བྱས་ཡོད།