འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱིས་མ་ཡུམ་གཙང་པོ་གསུམ་སླར་གསོར་སྐུལ་འདེད་མགྱོགས་མྱུར་བཏང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་31ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་8ཚེས་24ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། ཐིང་དེས་ཉེ་ཆར《ཟི་ལིང་གྲོང་ཁྱེར་གྱི་ནན་ཁྲོན་གཙང་པོ་དང་། མཚོ་ནུབ་ཀྲོའུ་གོར་མོའི་གཙང་པོ། མཚོ་ལྷོ་ཀྲོའུ་ཆབ་ཆའི་གཙང་པོ་བཅས་མ་ཡུམ་གཙང་པོ་གསུམ་སླར་གསོའི་བྱ་སྤྱོད་ཀྱི“གཙང་པོ་རེར་བྱེད་ཐབས་རེའི”ཇུས་གཞི(2023-2025)》བཀྲམ་སྟེ། ཆུ་བབ་དང་བསྟུན་ནས་མ་ཡུམ་གཙང་པོ་སླར་གསོའི་བྱ་སྤྱོད་ཀྱི་དམིགས་ཚད་ལས་འགན་དང་བྱ་སྤྱོད་ཀྱི་བྱེད་ཐབས་བཏོན་ནས་མ་ཡུམ་གཙང་པོ་སླར་གསོར་སྐུལ་འདེད་མགྱོགས་མྱུར་བཏང་བ་རེད།
   མ་ཡུམ་གཙང་པོ་སླར་གསོའི་བྱ་སྤྱོད་ཀྱིས་ཆུ་ལམ་གྱི་བཞུར་རྒྱུན་ཆད་པ་དང་། སྐམ་པ། སྐྱེ་ཁམས་ལ་མཁོ་བའི་བཞུར་ཚད་འགན་ལེན་མི་ཐུབ་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ས་གནས་ཁག་གི་མ་ཡུམ་གཙང་པོ་ནས་འགོ་བཙུགས་ཏེ་གཙང་པོ་དང་མཚོའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱས་ཏེ། ཆུ་བོ་བཞུར་ཐུབ་པ་བྱས་པ་དང་། གཙང་པོ་གསུམ་གྱི“གཙང་པོ་རེར་བྱེད་ཐབས་རེའི”ཇུས་གཞིའི་ནང་གཙང་པོའི་ད་ཡོད་ཀྱི་གནས་ཚུལ་དང་དུས་བབ་ཀྱི་དགོས་མཁོར་དབྱེ་ཞིབ་བྱས་ནས་སླར་གསོའི་བྱ་སྤྱོད་ཀྱི་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། སླར་གསོའི་བྱ་སྤྱོད་ཀྱི་ཁྱབ་ཁོངས་བཅས་ཁ་གསལ་བཟོས་ཡོད་པ་དང་། དུས་མཚམས་དབྱེ་ནས་ལས་ཀའི་དམིགས་ཚད་བཟོས་ཡོད་པ། ཆུ་བབ་དང་བསྟུན་ནས་བཀོད་གཏོང་ལེགས་སྒྲིག་དང་། ཆུ་གློད་རྒྱུར་དོ་དམ་ཚོད་འཛིན། བར་མཐོངས་བཅོས་སྒྲིག ལྟ་འདོམས་ལ་ཤུགས་སྣོན་སོགས་བྱ་སྤྱོད་ཀྱི་བྱེད་ཐབས་བཏོན་ཡོད་པ་རེད།