འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ནགས་ལས་རྩྭ་ཐང་སྡེ་ཚན་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ནུས་ཤུགས་
ཡོད་རྒུས་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་31ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོ་ཚུན་དུ་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་སྡེ་ཚན་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། རི་ཀླུང་མཛེས་པའི་མཚོ་སྔོན་གསར་པ་གཏོད་པར་མུ་མཐུད་ཤུགས་སྣོན་བརྒྱབ་ཅིང་། ད་བར་ཞིང་ཆེན་ཡོངས་ཀྱིས་རྒྱལ་ཁབ་ཀྱི་ས་ཆ་སྤྱི་ཆིང་ཁྲི་16.5སྔོ་འགྱུར་བྱས་པ་དང་བྱེ་འགོག་བྱེ་བཅོས་སྤྱི་ཆིང་ཁྲི་5.96བྱས་ཤིང་། ཤིང་འཛུགས་སྔོ་འགྱུར་བར་མཐོངས་གནས་འཕྲོད་ཀྱི་ཚོད་སྐོར་ལས་དོན་ཡོངས་སུ་ལེགས་གྲུབ་ཟིན་པ་དང་ཞིང་ཆེན་ཡོངས་ཀྱི་གནས་འཕྲོད་འཆར་འགོད་བཟོས་པའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་14.47ཟིན་ཡོད་པ་རེད།
   སྐྱས་སྤོས་རྩྭ་གསོ་དང་། གཙང་གསུམ་ཆུ་འགོ མདོ་ལ་རིང་མོ་སོགས་ཀྱི་སྐྱེ་ཁམས་འདུ་འགོད་གལ་ཆེན་ལ་བརྟེན་ནས། མཚོ་བོད་ས་མཐོའི(མཚོ་སྔོན)ས་ནག་གྲམ་ཐང་གི་ཉམས་ཞན་དུ་གྱུར་པའི་རྩྭ་སར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་དཔེ་སྟོན་ལས་གྲྭ་ལག་ལེན་བསྟར་ཏེ་ཉམས་ཞན་དུ་གྱུར་པའི་རྩྭ་ས་སྤྱི་ཆིང་ཁྲི་12.61ཉམས་གསོ་བྱས་པ་དང་། རྨ་ཆུའི་མཚོ་སྔོན་རྒྱུག་ཁོངས་ཀྱི་འདམ་ར་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་ལག་ལེན་བསྟར་བ། མཚོ་སྔོན་པོའི་བྱ་གླིང་དང་། མཚོ་སྐྱ་རེངས། མཚོ་སྔོ་རེངས། རྩེ་ཁོག་རྩེ་ཆུ་སོགས་འདམ་ར་སྲུང་སྐྱོང་དང་སླར་གསོའི་རྣམ་གྲངས་19ལ་སྐུལ་འདེད་མྱུར་པོ་བཏང་ཡོད།