འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཟླ་བདུན་པའི་ཟླ་མཇུག་ཏུ་རང་རྒྱལ་གྱི་5Gསྤྱོད་མཁན་གྱིས་གོ་ལ་ཧྲིལ་པོའི་54.2%བཟུང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་24ཉིན། 13:06】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་21ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་21ཉིན་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་བདུན་པའི་ཟླ་མཇུག་བར་རང་རྒྱལ་གྱི་5Gསྒུལ་བདེའི་ཁ་པར་སྤྱོད་མཁན་དུང་ཕྱུར་6.95ཟིན་པ་དེས་གོ་ལ་ཧྲིལ་པོའི་བསྡོམས་འབོར་གྱི་54.2%བཟུང་བ་དང་། སྒུལ་བདེའི་ཁ་པར་སྤྱོད་མཁན་བསྡོམས་འབོར་གྱི་40.6%བཟུང་ནས་གོ་ལ་ཧྲིལ་པོའི་ཆ་སྙོམས་ཆུ་ཚད་ཀྱི་15%ལས་མཐོ་བ་ཡོད་པ་རེད།
     གོ་ལ་ཧྲིལ་པོའི་ལོ་1གི་སྔོན་དུ་5Gའཛུགས་པ་དང་། འདི་ལོ་ནས་བཟུང་རང་རྒྱལ་གྱི་5Gདྲ་རྒྱ་འཛུགས་པར་སྐུལ་འདེད་བརྟན་པོ་དང་དྲ་རྒྱའི་ཁྱབ་རྒྱ་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། ཟླ་དང་པོ་ནས་བདུན་པའི་བར་གློག་འཕྲིན་ལས་རིགས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་1955བཏང་ཡོད་པ་ལས། 5Gཡི་སྦྲེལ་ཚུགས་གསར་པ་ཁྲི་71.3བསྐྲུན་པ་དང་། ཟླ་བདུན་པའི་ཟླ་མཇུག་བར་རིམ་རྩིས་བྱས་ན་5Gསྦྲེལ་ཚུགས་ཁྲི་305.5བསྐྲུན་པ་དེས་གོ་ལ་ཧྲིལ་པོའི་བཅུ་ཆ་དྲུག་བཟུང་ཡོད་པ་རེད།
     5Gསྤྱོད་མཁན་མུ་མཐུད་མང་དུ་ཕྱིན་ནས་འཕེལ་རྒྱས་ཀྱི་ཆུ་ཚད་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཀྱི་ཡོད། འདི་ལོའི་ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་དུ་5Gསྤྱོད་མཁན་དུང་ཕྱུར་1.34མང་དུ་ཕྱིན་ཡོད། 5Gསྤྱོད་མཁན་གྱི་སྦྲེལ་མཐུད་དྲ་བཞུད་729.7GBཟིན་པ་དེ་དུས་མཚུངས་ལས་70.9%འཕར་བ་དང་། 5Gདྲ་བཞུད་ཀྱིས་སྒུལ་བདེའི་གྲངས་གཞིའི་དྲ་བཞུད་ཀྱི་43.5%བཟུང་ནས་གོ་ལ་ཧྲིལ་པོའི་ཆ་སྙོམས་ཀྱི་23.5%ལས་མཐོ་བ་ཡོད་པ་རེད།