འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་སྐབས་གཉིས་པ་མཚོ་སྔོན་ཟི་ལིང་དུ་གཉེར་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་24ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཟླ་8ཚེས་19ཉིན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཅང་ཤིས་ཞིང་ལས་སློབ་ཆེན་གྱི་སློབ་སྤྱི་ཝུའེ་ཧྥུའུ་ཝུན་གྱིས་གླེང་སྟེགས་ཐོག་བཞེད་དོན་གཙོ་བོའི་གཏམ་བཤད་སྤེལ་བཞིན་པ།
འདི་ནི་ཟླ་8ཚེས་19ཉིན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཅང་ཤིས་ཞིང་ལས་སློབ་ཆེན་གྱི་སློབ་སྤྱི་ཝུའེ་ཧྥུའུ་ཝུན་གྱིས་གླེང་སྟེགས་ཐོག་བཞེད་དོན་གཙོ་བོའི་གཏམ་བཤད་སྤེལ་བཞིན་པ།
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་8ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་སྐབས་གཉིས་པ་མཚོ་སྔོན་ཟི་ལིང་དུ་གཉེར་ཞིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཕེང་ཆིང་ཧྭ་གླེང་སྟེགས་ལ་ཕེབས་ནས་ཤིས་ཚིག་བསྒྲོན་པ་རེད།
   ཕེང་ཆིང་ཧྭ་ཡིས་གསུངས་དོན། རྒྱལ་ཁབ་སྤྱི་གླིང་ནི་རང་བྱུང་གི་མཆོག་ནོར་དང་མིའི་རིགས་ཀྱི་བདེ་རྩ་ཞིག་རེད། རྒྱལ་ཁབ་སྤྱི་གླིང་ལམ་སྲོལ་འཛུགས་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་ཡུན་རིང་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་གནང་བའི་ཐབས་ཇུས་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག རང་རྒྱལ་གྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་གོམ་སྟབས་ཆེན་པོ་ཞིག་སྤོས་ནས་ལམ་སྲོལ་ཚོད་ལྟ་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་དང་། ལམ་ལུགས་ཀྱི་སྒྲོམ་གཞི་སྤྱིར་ན་བསྐྲུན་པ། རྒྱལ་ཁབ་སྤྱི་གླིང་ཁག་དང་པོ་བསྐྲུན་ནས་གཉེར་སྐྱོང་བྱས་པ་རེད། སླད་ཕྱིན་དུས་སྐབས་ཤིག་རིང་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གོ་སྐབས་བཟང་པོ་ཞིག་ཡིན་པས། རང་བྱུང་ལ་གཅེས་པའི་བརྩེ་སེམས་དང་ཚན་རིག་དང་མཐུན་པའི་བཅོས་སྐྱོང་གི་སྙིང་སྟོབས་ལ་བརྟེན་ནས་ཁྲིམས་སྐྱོང་གི་འགན་ལེན་བརྟན་དུ་གཏོང་བ་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་རྣམ་པ་ཞིག་གཏོད་དགོས་པ་མ་ཟད། སྐྱེ་ཁམས་འཛུགས་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་ལ་སྤྱི་འདོམས་བྱས་ནས་རྒྱལ་ཁབ་སྤྱི་གླིང་གི་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་སའི་གོ་ལའི་ཁྱིམ་གཞིས་སྲུང་སྐྱོང་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།