འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འབྲི་ཆུའི་འགག་གསུམ་ཚོགས་པའི་མཚོ་སྔོན་གོར་མོའི་ལྷོ་རིའི་ཆུ་འཐེན་ནུས་གསོག་གློག་ཁང་
དངོས་སུ་ལས་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་24ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་19ཉིན། འབྲི་ཆུའི་འགག་གསུམ་ཚོགས་པས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པའི་འཛམ་གླིང་གི་ས་བབ་ཧ་ཅང་མཐོ་བའི་ས་ཁུལ(སྨི་3500ཡན)གྱི་གློག་འདོན་ཤུགས་ཆེ་ཤོས་དང་སྙོམས་སྒྲིག་མཛོད་ཉར་ཆེ་ཤོས་ཀྱི་ཆུ་འཐེན་ནུས་གསོག་གློག་ཁང་སྟེ། མཚོ་སྔོན་གོར་མོའི་ལྷོ་རིའི་ཆུ་འཐེན་ནུས་གསོག་གློག་ཁང་དངོས་སུ་སྐྲུན་འགོ་ཚུགས་པ་རེད།
   རྣམ་གྲངས་དེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་གོར་མོ་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཡོད་པ་དེའི་གློག་འདོན་ཤུགས་ཆན་ཝ་ཁྲི་240ཟིན་པ་དང་ཆན་ཝ་ཁྲི་30ཟིན་པའི་ཆུ་འཐེན་ནུས་གསོག་འཕྲུལ་ཚན་8སྒྲིག་སྦྱོར་བྱས་ཡོད། ཆུ་མཛོད་ཀྱི་ས་བབ་མཐོ་ཚད་སྨི་3700ཟིན་པ་དང་2030ལོར་འཕྲུལ་ཚན་ཚང་མ་བེད་སྤྱོད་བྱ་རྒྱུ་ཡིན་པ་རེད།
   རྣམ་གྲངས་བསྐྲུན་ནས་བེད་སྤྱོད་བྱས་རྗེས། དེའི་སྙོམས་སྒྲིག་ནུས་པར་བརྟེན་ནས་ཆན་ཝ་ཁྲི་240ཡི་རླུང་གློག་དང་ཆན་ཝ་ཁྲི་500ཡི(སྤེལ་རྒྱུག)འོད་ཤུགས་སྙོམས་སྒྲིག་བྱེད་ཐུབ་པ་དང་ལོ་ལྟར་ནུས་རྒྱུ་གསར་པའི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་148ཙམ་འཕར་རྒྱུ་ཡིན་པ་རེད། དེས་ས་གནས་འདི་གའི་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་དང་ནུས་རྒྱུ་གསར་པ་བསྡུ་ལེན་དང་ཟད་གྲོན་ཐད་སྐུལ་མ་ནུས་ལྡན་ཐེབས་རྒྱུ་དང་ནུས་རྒྱུ་གསར་པའི་ཐོན་ལས་ནུས་ཆེ་དང་རྒྱུན་མཐུད་འཕེལ་རྒྱས་ལ་འགན་ལེན་ནུས་ལྡན་ཐུབ་ནས། མཚོ་སྔོན་ཞིང་ཆེན་དེ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་ཞིག་ཏུ་གཏོད་པར་རམ་འདེགས་བྱ་རྒྱུ་རེད།